འོས་གཞི་ཁ་གཏོར་ཐུབ་ན། བཀའ་བློན་མིག་བཙུམ་ཆོག

ཆོལ་ཁ་གཞན་གཉིས་ཀྱི་ཁོངས་སུ་གཏོགས་པའི་མི་སུ་འདྲ་ཞིག་རུང། ཆོལ་ཁ་གཞན་གཅིག་དེའི་བཀའ་ཁྲིའི་འོས་གཞིའི་ནང་ཡོད་མཁན་དེར། ང་བཀའ་བློན་གྱི་འོས་གཞིའི་ནང་འཛུལ་ནས་ང་ཚོའི་ཆོལ་ཁའི་འོས་གཞི་ཁ་འཐོར་དགུ་འཐོར་གཏོང་ཐབས་བྱེད་ཆོག སྐབས་དེར་ཁྱེད་རང་ལ་ཁྱེད་རང་གི་ཆོལ་ཁ་གཅིག་གི་རྒྱབ་སྐྱོར་གཙང་མ་དང་ད་དུང་ཆོལ་ཁ་གཞན་གྱི་རྒྱབ་སྐྱོར་ཡང་མི་ཉུང་བ་ཞིག་ཡོང་ངེས་ཡིན་པ་དང། ངས་ཁྱེད་ཀྱི་ཁ་གཏད་ཀྱི་ཆོལ་ཁ་དེའི་བཀའ་ཁྲི་འོས་གཞི་གཏོར་ཟིན་པས། ཁོ་རང་ཁྱེད་ཀྱིས་ཁ་གཏད་ལངས་ཐུབ་རྒྱུ་ནི་ཤིན་ཏུ་ཁག་པོ་ཡིན་པས་སྐབས་དེར་ཁྱེད་ཀྱིས་ང་བཀའ་བློན་ནང་འདེམས་དགོས་ཞེས་སྔོན་འགྲོའི་ཆ་རྐྱེན་འདོན་དགོས་གོ་སོང་ངམ། ད་ལྟའི་སྐབས་སྤྱི་འཐུས་ལས་ཐོག་པ་བཀའ་ཁྲི་ལ་རེ་བ་ཁྱོན་ནས་མེད་མཁན་ཚོས། ས་རྒྱུག་གནམ་ལྡིང་བྱེད་བཞིན་པའི་ཕུགས་ཀྱི་རྒྱབ་ལྗོངས་དེའང་ངའི་མ་འོངས་ལུང་བསྟན་འདི་ལས་གཞན་པའི་དམིགས་ཡུལ་གང་ཡང་མེད་པས། དེར་བརྟེན་བཀའ་བློན་འདོད་པ་རྣམས་ཀྱི་ཆོལ་ཁ་ལ་དབྱེ་བ་མེད་པས། གང་ལྟར་ཁ་གཏད་གང་ཞིག་གི་འོས་གཞི་གཏོར་ཐབས་བྱེད་དགོས། གལ་ཆེ་ཤོས་ནི་སྔོན་འགྲོའི་ཆ་རྐྱེན་འདོན་རྒྱུ་དེ་བརྗེད་མི་རུང། དེ་བརྗེད་པ་ཡིན་ན་བཀའ་ཁྲིའི་འོས་གཞི་གཏོར་ཐབས་བྱེད་ཀྱང་དགོས་པ་མེད། སྔོན་འགྲོ་ཆ་རྐྱེན་བཀའ་བློན་གྱི་རྐུབ་སྟེགས་འདོན་ནས། བཀའ་ཁྲིའི་འོས་གཞི་གཏོར་ཐུབ་སོང་ན་ཁྱེད་བཀའ་བློན་ཆགས་གཏན་འཁེལ་ཡོད། གལ་སྲིད་མ་ཆགས་ན་ང་འཚོར་བར་ཕེབས་དང་ངས་ཁྲིམས་ཁང་ནང་རིན་མེད་ཐོག་ཁྱེད་ཀྱི་ཁྲིམས་རྩོད་པ་བྱེད་ཆོག་གོ་སོང་ངམ།