སྐབས་གསུམ་པའི་བཀའ་ཁྲིའི་འོས་འགན།
འདི་ན་དྲ་མཆེད་བློ་གསལ་རྐང་དྲུག་ཚོགས།།
རྩོམ་ཡིག་ལྡུམ་རར་འཕུར་ལྡིང་རྩེན་བཞིན་དུ།།
བརྗོད་བྱ་དོན་གྱི་ཟེའུ་འབྲུའི་ཡིད་ཀྱི་དཔལ།།
སྙིང་པོ་ཟས་བཅུད་བླང་ལ་དཔའ་སྐད་སྒྲོགས།།
中国国家主席说:
西藏人民在干什么?“西藏人民在喝酒”那我放心了。
ང་ཉེ་ཆར་ ༢༠༡༠ ཟླ་བ་ ༡ ཚེས་ ༡ ལ་བོད་དུ་སོང་ཡང་བོད་དུ་སླེབས་མ་ཐུབ་པར་ལས་དབང་གིས་རྒྱ་ནག་པེ་ཅིང་སོགས་རྒྱ་ནག་གི་གྲོང་ཁྱེར་གྲགས་ཅན་ཁ་ཤས་སུ་སླེབས་པ་རེད། རྒྱ་རིགས་གཞོན་སྐྱེས་མང་པོ་ཞིག་དང་གྲོགས་པོ་ཆགས་སོང་། ཁོང་ཚོས་ང་ལ་གུས་ཞབས་དང་དམིགས་བསལ་ལྟ་སྟངས་འོག་རྒྱ་ནག་ལྕགས་རི་དང་། གནམ་བདེ་སྒོ་མོ་ཆེའི་རྩེད་ཐང་། རྒྱ་ནག་གོང་མའི་ཕོ་བྲང་སོགས་ལ་འཆམ་འཆམ་དུ་འཁྲིད་བྱུང་། སྐབས་དེར་གྱང་རིས་ཐོག་རྒྱ་བོད་ཀྱི་འབྲེལ་བའི་སྐོར་མང་པོ་ཞིག་མཐོང་བྱུང་། པེ་ཅིང་དུ་སྐད་གྲགས་ཆེ་བའི་འབྲུག་དགུའི་བརྙན་རི། ཆིང་གོང་མའི་ཕྱག་རྫས་རྙིང་པ། གོང་མའི་གཟིམ་ཆུང་། བོད་པས་གོང་མ་ཆེན་མོ་ལ་ཕུལ་བའི་རིན་ཆེན་སྣ་བདུན། གསར་གྱི་མཆོད་རྟེན་སོགས་མཐོང་མ་མྱངས་པ་དང་གོ་མ་མྱངས་པ་མང་པོ་ཞིག་མིག་ལམ་དུ་མངོན་བྱུང་།
ད་དུང་མའོ་ཀྲུའུ་ཞིའི་སྐུ་ཕུང་ཡོད་པའི་དྲན་རྟེན་ཕོ་བྲང་དང་། རིག་གནས་ཕོ་བྲང་། མི་མང་ཚོགས་ཁང་ཆེན་མོ། ཀྲུང་ལ་ཧད་ཅེས་སྲིད་གཞུང་ཡོད་ས་བཅས་ཚང་མ་སྐོར་བ་བརྒྱབས་པ་ཡིན།
ལོ་རབས་ ༨༠ པའི་སྐབས་ལ་བལྟས་ན་ད་ལྟའི་རྒྱ་ནག་ནི་སྟོབས་འབྱོར་མངའ་ཐང་ཆེ་ཞིང་དེང་རབས་ཀྱི་འཛུགས་སྐྲུན་ལེགས་པ། སྤྱི་བཏང་གི་རང་དབང་དང་། སྨྲ་བརྗོད་ཀྱི་རང་དབང་སོགས་གང་ལ་གང་འཚམས་ཡར་རྒྱས་ཀྱི་ཁ་ཕྱོགས་སུ་འཁོར་འདུག སྐབས་དེར་ངའི་གྲོགས་པོ་གཉིས་ཀྱིས་ང་ལ་བཤད་དོན་ ༢༠༠༨ བོད་ཕྱི་ནང་གཉིས་སུ་མི་མང་སྒེར་ལངས་ཆེན་མོའི་ལས་འགུལ་དེ་འདྲ་གཞི་རྒྱ་ཆེ་བ་སྤེལ་སོང་དེ་ནི་རླབས་ཆེན་རེད། ཡིན་ན་ཡང་རྒྱ་ནག་གིས་བོད་ལ་ནུབ་བརྒྱུད་དཔལ་འབྱོར་དར་སྤེལ་དེ་འདྲ་ཤུགས་ཆེན་པོ་བྱས་ཡོད་རེད། ད་དུང་ཁྱེད་ཚོ་བོད་པ་ལ་འདོད་པ་མ་གང་བ་ག་རེ་ཡོད་ན། གལ་ཏེ་ཁྱོད་ཚོས་དམངས་གཙོ་དགོས་ཀྱི་ཡོད་ན་ང་ཚོ་རྒྱ་མི་རིགས་དང་ལྷན་དུ་ལས་འགུལ་སྤེལ་ན་ཡག་པོ་ཡོད་རེད། ལྷ་སའི་ ༣༡༤ ཡི་དོན་རྐྱེན་ཡོང་སྐབས་རྒྱ་མི་དམངས་གཙོ་དོན་གཉེར་བ་མང་པོས་ལྷན་ཞུགས་བྱེད་འདོད་ཡོད་ཀྱང་། ང་ཚོས་བྱེད་མི་ཤེས་པ་ནི། སྐབས་དེར་ཁྱེད་ཚོས་ནི་ང་ཚོ་བོད་ལ་རང་དབང་དང་བོད་ལ་ཅིག་དགོས་ཀྱི་ཡོད་ཟེར་ནས་ཁ་གཡང་སྒྲོག་པ་ལས་ཀྲུང་གོ་མི་མང་ལ་རང་དབང་མི་འདུག་ཟེར་མཁན་མེད་པ་དེ་ང་ཚོ་རྒྱ་མི་རིགས་ཀྱིས་བྱེད་མི་ཤེས་པའི་བཀག་རྡོ་ཞིག་ཏུ་གྱུར་པ་རེད། གལ་ཏེ་སྐབས་དེར་ཀྲུང་གོ་མི་མང་ལ་རང་དབང་མི་འདུག་ཅེས་བོད་མིས་དབུ་འཁྲིད་སྐད་འབོད་ཅིག་བྱས་ཡོད་པའི་དབང་དུ་བཏང་ན། རྒྱབ་ཏུ་རྒྱ་ནག་སྐམ་ས་ཆེན་མོའི་རྒྱ་རིགས་མི་མང་དུང་ཕྱིར་ཁ་ཤས་ལངས་སོང་ན་གོ་ལ་ཆེན་པོ་འདིའི་སྟེང་སྐད་གྲགས་ཀྱིས་ཆོད་པ་རེད་ལ་ལས་འགུལ་དེས་ནུས་པ་ཆེན་པོ་ཞིག་ཐོན་ཡོད་རེད། རྒྱུ་མཚན་ནི་དེང་སང་སྔོན་ཆད་དང་མི་འདྲ་བར་རྒྱ་ནག་མི་མང་གིས་གུང་ཁྲན་ཏང་ལ་སྙིང་ནས་མི་དགའ་ཞིང་། རྒྱ་ནག་དམངས་གཙོ་བསྒྱུརརྒྱུ་ནི་རྒྱ་མི་རིགས་ཀྱི་རེ་འདུན་གཙོ་བོ་ཡིན་ཞེས་མོ་ཌར་འགྲོ་བཞིན་ཁོར་ཡུག་ལ་བལྟས་ན་ཛ་དྲག་ཅིང་ཡིད་འགུལ་ཐེབས་པའི་སྐད་ཆ་རྐྱང་གླེང་གིན་སོང་།
ཡང་དེང་སང་རྒྱ་ནག་ཏུ་ཇ་ཁང་མང་པོར་རྒྱ་ནག་གུང་ཁྲན་ཏང་ལ་ཁ་གཏོང་མཁན་ཇེ་མང་ནས་ཇེ་མང་འགྲོ་བཞིན་ཡོད། ཐ་ན་ཀྲུང་དབྱང་གི་དཔོན་རིགས་ནང་ནས་ཀྱང་ལྐོག་ཏུ་ཁ་གཏོང་མཁན་མང་ཡང་བཞུགས་མོལ་ཚོགས་འདུ་སོགས་སུ་སླེབས་ཚེ་གཅིག་གིས་གཅིག་ལ་དོགས་ཟོན་གྱིས་བསམ་ཕོད་ཀྱང་བཤད་ཕོད་མཁན་མེད་ཟེར།
སྐད་ཆ་དེ་དག་ལ་བལྟས་ན་མ་འོངས་པར་སྐབས་གསུམ་པའི་བོད་ཀྱི་སྲིད་བློན་ནམ་བཀའ་ཁྲིའི་འོས་འགན་ནི་རྒྱ་མི་རིགས་དང་གདུང་སེམས་མཉམ་སྐྱེས་ཀྱིས་ཀྲུང་གོའི་སྲིད་གཞུང་དམངས་གཙོ་ཅན་དུ་བསྒྱུར་བའི་ལས་རིམ་རབ་དང་རིམ་པ་སྤེལ་བ་ལ་བསྒྱུར་བཅོས་གསར་སྤེལ་ཞིག་གི་ཐོག་ཕྱག་ལས་གཙོ་བོ་གནང་ན་བོད་མི་རིགས་ཀྱི་མདུན་ལམ་དེ་འོད་སྟོང་འབར་བའི་བརྒྱ་བྱིན་ལྷ་ཡི་ཁང་བཟང་ལྟ་བུ་ཞིག་ཏུ་འགྱུར་རྒྱུ་ཐེ་ཚོམ་མི་དགོས་པ་ཞིག་རེད།
རྒྱ་ནག་དམངས་གཙོ་ཅན་གྱི་རྒྱལ་ཁབ་ཅིག་ཏུ་གྱུར་ན་ད་གཟོད་བོད་ཀྱི་དགོས་འདུན་དེ་ཡང་ཆར་རྗེས་ཤ་མོ་བཞིན་དུ་སྨིན་རྒྱས་ཐུབ་པ་ཞིག་མ་རེད་དམ། དྲ་གྲོགས་ཚོ་བསམ་ཚུལ་སྤོལ་དང་།
དངོས་མ་ང་བོད་རྒྱ་མི་རིགས་གཉིས་ཀྱི་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་དེ་ལ་སེམས་ཁྲལ་འདུག ད་གང་དྲག
