བློ་བཟང་རྒྱལ་མཚན་གྱིས་སྲིད་གྲོས་ཀྱི་ཚོགས་གཞོན་ནས་དགོངས་ཞུ།
བློ་བཟང་རྒྱལ་མཚན་ལས་ཀའི་འཕོ་འགྱུར་དབང་གིས་སྲིད་གྲོས་སྐབས་དགུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་གཙོ་གཞོན་པའི་གོ་གནས་ནས་དགོངས་ཞུ་བྱེད་རྒྱུའི་བསམ་ཚུལ་བཏོན་པ་བཞིན། སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཅིག་སྐབས་སུ་གྲོས་བསྡུར་བྱས་པ་བརྒྱུད། བློ་བཟང་རྒྱལ་མཚན་ལགས་ཀྱིས་སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་གཙོ་གཞོན་པའི་འགན་མུ་མཐུད་ཁུར་མི་དགོས་པར་ཐག་བཅད་ཡོད་པ་རེད།
སྤྱིར་བློ་བཟང་རྒྱལ་མཚན་ནི། ལོ་འདིའི་ཕྱི་ཟླ་༥ ཚེས་༢༨ ཉིན་མི་མང་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་༡༦ པའི་ཐོག་ཏུ་བོད་རང་སྐྱོང་ལྗོངས་ཀྱི་གཙོ་འཛིན་གཞོན་པར་བསྒོ་བཞག་བྱས་པ་ཞིག་རེད། ད་སྐབས་སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་གཙོ་གཞོན་པའི་གོ་གནས་ནས་དགོངས་ཞུ་བྱས་ཡོད་ཀྱང་ད་དུང། བོད་རང་སྐྱོང་ལྗོངས་ཀྱི་གཙོ་འཛིན་གཞོན་པའི་གོ་གནས་དང། འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས། ཏང་ཤོག་གི་འགན་འཛིན་གཞོན་པ་བཅས་ཀྱི་གོ་གནས་ཡོད་པ་རེད།།
{jcomments on}