ང་མགོ་འཁྲུགས་འདུག་གམ།

ངས་བཤད་དོན་ནི། ཟིན་བྲིས་ཤིག་སྤེལ་དགོས་ན། མཆན་བུ་གང་རུང་ཞིག་གི་ནང་སོང་སྟེ་དེ་ནས་༼ཟིན་བྲིས༽ཞེས་པའི། ཟིན་བྲིས་སྤེལ་ས་སོགས་གཞི་ནས་རག་གིན་འདུག

ནམ་རྒྱུན་ཡིན་ན། ཟིན་བྲིས་སྡེ་ཚན་ནང་ལ་སླེབས་པ་དང་། ཟིན་བྲིས་སྤེལ་ས་སོགས་གཡས་ངོས་དེར་རང་ལ་ཡོད་པ་ཞིག་ཚོར་སོང་།

ད་དུང་མཆན་བུ་གསར་བ་དང་། བསམ་འཆར་མང་ཤོས། ཟིན་བྲིས་བཀླགས་མང་ཤོས་སོགས་ཀྱི་ལེ་ཚན་དེ་འདྲ་འདུག་གམ།

དངོས་བདེན་ཡིན། ང་ནི་ད་དུང་དྲྭ་ཚིགས་འདིར་མགོ་འཁྲུགས་ཀྱི་འདུག

དུང་སེམས་མེ་ཏོག་བཞད་སའི་ལྡུམ་ར་ན།།

ཁ་ཕྱོགས་གསལ་བའི་བགྲོད་ལམ་ཡོད་ན་བསམ།།

ལྡོམ་པོའི་རྨོངས་སེམས་འཁྲུགས་པའི་ན་ཟུག་འདི།།

དེ་རིང་ནང་ནས་ད་ལྟ་དངས་ན་བསམ།།