དུར་སྒམ་དུ་མ་སྤས་པའི་བེམ་པོ་ཞིག་གི་སྐད་ཆ།
དུད་དེ་འགྲོ་བ་ཡོད་ཚད་ནི་མི་ཤེས་ཤིང་། ཚོར་བ་མེད་པ། ཉེ་རིང་ཆགས་སྡང་མེད་པ་ཞིག་ཏུ་འདོད་ཀྱིན་པའི་ཁོར་ཡུག་ཞིག་ནས་རང་གི་དུར་ས་ལྟ་བུའི་མགོ་མཇུག་སྐྱུར་མོ་ཞིག་གི་འཁྲབ་གཞུང་བྲིས་པའི་ནངས་མོ་དེར། ཞོགས་ཇ་ཚ་བོ་ཞིག་བསྐོལ་ནས་འཇོག་མཁན་གྱི་ཐག་རིང་གི་སྙིང་དུ་སྡུག་པ་དེ་ནི་རྨི་ལམ་ལྟ་བུ་ཞིག་ལས་མེད་དོན་རང་ལས་ཤེས་མཁན་ཡང་རྙེད་མེད་ཚོད་དུ་གྱུར་བ་རེད།
ང་ནི་ང་ལ་གཏོགས་པའི་རིགས་དེ་ལས་གཞན་གང་ཡང་མིན་རྒྱུ་ན། ངས་གང་ཡང་བྱེད་མི་འདོད་པར། སྐྱི་འབག་མཐུག་པོ་ཞིག་དང་། ངོ་གདོང་སྐྱ་བོ་ཞིག་གི་ནམ་ཟླའི་ཁྲོད་དུ་བོར་ཟིན་པ་དང་རྙེད་སྲིད་པ་མཐའ་དག་ལ་ཞེན་ཆགས་ཀྱི་འཕར་རྩ་གཏན་ནས་ལྡིང་དཀའ་བའི་གནད་ཅིག་ལ་གྱུར་བའི་བེམ་པོ་སྲུང་མཁན་གྱི་ཁྱེད་རང་ནི་མིའམ་འདྲེ། ཡང་ན། རུལ་ཟིན་པའི་རྣམ་ཤེས་ཤིག་གི་དབུགས་རྔ་སྐྱོང་མཁན་ཁོ་ན་ལས། གནས་ངེས་མེད་དུ་འཁུར་བཞིན་སྡོང་ལོ་བཞིན་ཟེགས་ཀྱིན་ཡོད།