བཀའ་ཁྲི་རྐུན་མ་ཞིག་སླེབས་ན་འགྲིག་གམ།
བཙན་བྱོལ་གཞུང་གི་ལས་དབང་འདི་བསམ་ཚེ། །
བཀའ་ཁྲི་ཚད་དང་ལྡན་པའི་མི་བུ་ཞིག །
སྐྱབས་བཅོལ་བོད་མིའི་ཁྱབ་ཁོངས་ཡོངས་རྫོགས་སུ། །
ཡོད་དང་མེད་ཅེས་ཡང་ཡང་བསམ་པར་རིགས། །
གཞུང་རྒྱུ་ལྐོག་ཟོས་བྱས་པའི་གཏང་རག་ལ། །
བཀའ་ཁྲིའི་འོས་གཞིར་འདོན་པའི་བོད་པ་ཚོ། །
ལྐོག་གྱུར་ལས་དང་རྒྱུ་འབྲས་མ་བསམ་རུང་། །
མངོན་གྱུར་ཡ་རབ་སྤྱོད་བཟང་བསམ་པར་རིགས། །
