རྨི་ལམ།

གོ་ལ་འདིར་ཚན་རིག་གི་ཤེས་བྱ་དར་བ་ནས་བཟུང་ཕྱི་དངོས་པོའི་འཕེལ་འགྱུར་གྱི་བརྒྱུད་རིམ་ནང་དུ་མི་ཡི་རིགས་ལ་ཕན་ཐོགས་ཀྱང་ཧ་ཅང་ཆེན་པོ་བྱུང་ཡོད། ཡིན་ནའང་འགྱུར་བ་དེས་ང་ཚོ་ཆེས་ཛ་དྲག་གི་གནས་སྟངས་ཤིག་ཏུ་བསྐྱལ་ཡོད་བསམ་དགོས། གང་ཡིན་ཟེར་ན། གཅིག་རྡུལ་ཕྲན་མཚོན་ཆའི་འགྲན་རྩོད་ཀྱི་འཇིགས་སྣང་དང་། གཉིས་སྔར་བྱུང་མ་མྱོང་བའི་མཛམ་གླིང་གི་ཚ་དྲོད་འཕེལ་ཚད་མཐོ་རུ་ཕྱིན་ནས་ཁོར་ཡུག་གི་གནས་སྟངས་ལ་ཀུན་གྱིས་སེམས་འཁུར་བྱེད་བཞིན་ཡོད། དེས་ན་འགྲོ་བ་མིའི་བདེ་ཐབས་ཀྱི་ཆ་ནས་བལྟས་ན་ང་ཚོས་བཟོད་ཐབས་མེད་པས། ཚན་རིག་གིས་ཕྱོགས་དེ་ལ་འགན་ལེན་་ཙམ་བྱེད་དགོས་པ་དང་། ནང་ཆོས་ཀྱི་ངོས་ནས་ཞབས་འདེབས་ཞུ་ཐབས་གང་ཡོད་དམ།