བློ་བཟང་སྨོན་ལམ།
མེས་པོའི་གཅེས་ནོར་བསོག་པའི་རིག་མཛོད་འདི།
སྲོང་བཙན་ཐུན་མི་གཉིས་ཀྱིས་སྐྲུན་པར་གྲགས།
མཐོན་པོའི་དཔོན་དང་དབང་ཆེན་མི་དྲག་ལས།
སྐྱེ་བོ་ཕལ་པས་མཇལ་བའི་སྐལ་བ་མེད།
དུས་ཀྱི་ཉི་ཟླ་འཁོར་འགྲོས་ཞིག་དང་ལྷན།
མི་རྣམས་རྨོངས་པའི་གཉིད་ལས་ཡོངས་སད་ནས།
རིག་པའི་ལམ་དུ་བསྐྱོད་པའི་དུས་སྐབས་འདིར།
བློ་སྨོན་ཁྱོད་ནི་ཐུན་མི་གཉིས་པར་སྣང་།
རིགས་ཞེན་ལ་རྒྱ་ཅན་གྱི་ཕ་བཟང་བུ།
ཤེས་འཇོན་ལྷག་བསམ་ཕྱུགས་པའི་རྒན་བཟང་བུ།
ཆོས་འཇིག་གཉིས་ལ་བཞག་པའི་བྱ་བཟང་གསུམ།
བློ་བཟང་སྨོན་ལམ་འཛོམས་པའི་བཟང་གསུམ་རེད།
བློ་སྨོན་ཡིག་གཟུགས་སྤྱད་པའི་དཔྱོད་ལྡན་ཚོ།
བཟང་ངན་རྩོད་པའི་དུས་ལས་མ་འདའ་བར།
སྨོན་པའི་དབང་གིས་མི་ལུས་ཐོབ་པ་འདིར།
ལམ་ཞིག་འཚོལ་ནས་དམིགས་དོན་འགྲུབ་པར་བྱོས། །
