བོད་མི་ཞིག་ཨ་རིའི་ལས་དོན་ཚོགས་ཆུང་གི་ཚོགས་མིར་བསྐོ་བཞག
ཟླ་འདིའི་ཚེས་༢༨ བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཝ་ཤིན་ཊོན་མངའ་སྡེའི་སྤྱི་ཁྱབ་ལྕམ་ཁི་རི་སི་ཊན་མཆོག་གིས། བོད་མི་བཀྲིས་རྣམ་རྒྱལ་མངའ་སྡེའི་ཨེ་ཤི་ཡའི་ཞི་བདེ་རྒྱ་མཚོའི་ཨ་རི་བའི་ལས་དོན་ཚོགས་ཆུང་གི་ཚོགས་མི་བསྐོ་གཞག་གནང་ཡོད་པ་དང། སྐུ་ཞབས་བཀྲིས་རྣམ་རྒྱལ་ཁོང་ནི་ཨ་རིའི་མངའ་སྡེ་སི་ཡཱ་ལ་ནང་གནས་སྡོད་བྱེད་ཀྱི་ཡོད་པ་དང། ཝ་ཤིན་ཊོན་བོད་རིགས་ཚོགས་པའི་ཚོགས་གཙོའི་འགན་ཡང་འཁུར་བཞིན་ཡོད་འདུག
ཚོགས་ཆུང་འདི་ནི་ལོ་༣༦ ཙམ་གྱི་སྔོན་དུ་འགོ་འཛུགས་བྱས་ཡོད་པ་དང། ཚོགས་ཆུལ་འདིའི་ལས་དོན་གཙོ་བོ་ནི་ཨ་རིའི་ནང་ཡོད་པའི་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་མི་རྣམས་ལ་ལྟ་རྟོགས་བྱེད་རྒྱུ་དང། དེ་དང་འབྲེལ་ནས་འཛིན་སྐྱོང་དང་ཚོང་དོན། ཤེས་ཡོན་སོགས་ཀྱི་ལས་དོན་ཐད་ལ་ཚང་མ་མཉམ་ཞུགས་ཀྱི་མཐུན་འགྱུར་དང་རོགས་རམ་གནང་རྒྱུ་བཅས་ཡིན་པ་རེད།།
{jcomments on}
