དང་བླངས་དཔྱ་ཁྲལ་ལག་དེབ་དེབ་སྐྱེལ་བྱེད་པར་སྐུལ་བ།

vollentergroup-1

སང་ཉིན་ཕྱི་ཟླ་༨ པའི་ཚེས་༡ ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༡ ཐོག་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྒྱལ་སྒོ་ཡོད་ས་ནས་འགོ་བཙུགས་ཏེ། དཔྱ་ཁྲལ་ལག་དེབ་ལྗང་ཁུ་མིའི་གཟུགས་ཙམ་གསུམ་བཟོས་ནས་དྷ་ས་མེག་ལོར་གྷན་ཇི་ཁྲོམ་གཞུང་དུ་ཡར་མར་འགྲོ་བསྐྱོད་ཀྱིས་མི་མང་རྣམས་ལ་ལག་དེབ་ལྗང་ཁུ་དེབ་སྐྱེལ་བྱེད་པར་སྐུལ་མ་བྱེད་རྒྱུ་དང། དེ་བཞིན་ཚོན་ཁྲ་ཅན་གྱི་སྦྱར་བྱང་ཆིག་སྟོང་བཟོས་ནས་བཙན་བྱོལ་བོད་མིའི་གཞིས་སྒར་ཁག་དང། ལྷག་པར་དུ་རྒྱ་གར་གྱི་གྲོང་ཁྱེར་དང། མཐོ་སློབ་ཁག་ནང་ཡོད་པའི་བོད་པའི་མཐོ་རིམ་སློབ་མ་གནས་སྡོད་ཀྱི་ས་ཆ་གང་སར་འགྲེམས་སྤེལ་བྱེད་རྒྱུ་ཡིན་པ་རེད།  དེབ་སྐྱེལ་བྱེད་པའི་དུས་ཚོད་ཕྱི་ཟླ་༨ པའི་ཚེས་༡༨ ཉིན་ནས་རྫོགས་འགྲོ་ཡི་ཡོད་སྟབས། ལས་འགུལ་དེ་འདྲ་ཞིག་སྤེལ་རྒྱུ་གལ་ཆེན་པོ་ཡིན་སྐོར་འབྲེལ་ཡོད་མི་སྣས་འགྲེལ་བརྗོད་བྱས་བྱུང།།

{jcomments on}