འབྲུག་ཆུར་མི་ཤི་བའི་གྲངས་ཀ་༡༡༡༧ ཟིན་འདུག

floodindrukchu-22ཚེས་༡༡ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༥བར་དུ། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་འབྲུག་ཆུ་རྫོང་དུ་ཆུ་ལོག་གི་གནོད་འཚེ་ཆེན་པོ་ཐེབས་པའི་ཁྲོད་ནས་རྐྱེན་ལམ་དུ་ཤོར་བའི་མི་༡༡༡༧ ལ་ཟིན་པ་དང་། རྨས་སྐྱོན་ཚབས་ཆེན་ཕོག་པའི་མི་༦༤ སྨན་ཁང་དུ་ལུས་ཡོད་པ་དང། དེའི་ནང་གི་རྨས་མ་ལ༥༨ ས་གཞན་ལ་སྨན་བཅོས་བྱེད་པར་བསྐྱལ་ཞིང་། མི་ལྔ་སྨན་ཁང་ལས་བུད། མི་༥༦༧ གྱིས་སྒོ་བསྟེན་སྨན་ཁང་ནས་སྨན་བཅོས་བྱས་པ་མ་ཟད། མི་༡༢༤༣ བདེ་བླག་ངང་བསྐྱབས་པ་དང་། མི་༦༢༧ གར་སོང་མེད་པར་གྱུར་པའི་གནས་ཚུལ་བསྒྲགས་འདུག

སྤྱིར་གནས་ཚུལ་དེའི་ཐད་ད་དུང་ཞིབ་བཤེར་བྱེད་བཞིན་ཡོད་པ་རེད།།{jcomments on}