དུས་རབས་གསར་བའི་བྲན་གཡོག་དུ་གྱུར་བས་ངའི་རིགས་རུས་ཚོ།

འདི་ལྟ་བུའི་ཚོར་བ་དང་བསམ་གཞིགས་ཀྱི་མཐུད་སྣེ་རེ་རེ་ནས་འཛངས་དེ་འོང་བའི་ན་ཟུག་གི་གདུང་བ་ལྕི་མོའི་འཁོར་བསྐྱོད་འདིས། མི་རིགས་ཤིག་གི་ལས་དོན་ཕྲག་དུ་ལེན་བཞིན་ཡོད་མེད་ཐད་དུ་ཡང་། སྐབས་རེར་རང་གིས་རང་ལ་དོགས་པ་མི་ཉུང་བ་སྐྱེ་རུ་བཅུགས་པ་དང་། ལན་རེར་རང་གིས་རང་ལ་ཨ་ཐང་ཆད་དགོས་པའི་བྱ་བ་ཡང་རྟག་དུ་བྱུང་བཞིན་ཡོད།


ང་དང་འདྲ་བའི་བོད་མི་ཅི་ཙམ་ཞིག་ལ་སྣང་བ་དང་ཚོར་སྣང་ལྕི་མོའི་ན་ཟུག་གི་ཁྲོད་དུ་མི་ཡུལ་གཞན་གྱི་འཚོ་བ་ལ་རྒྱུས་མངའ་དང་མྱོང་གོམ་མེད་བཞིན་དུ་ད་དུང་ཨུ་ཚུགས་ཀྱིས་བསྐྱེལ་བཞིན་པ་དེར་བསམ་དུས། ལྷག་དུ་དབུ་སྐྲ་དཀར་པོ་ནས་མིག་ཟུག་དམར་པོ་ཆགས་དེ་འོང་བའི་རྒན་རབས་པ་དེ་དག་གི་རྨི་ལམ་ནི་མི་རིགས་ཤིག་གི་འཆི་གསོན་ལ་བསམ་པའི་རྒས་ཁོག་གི་རུམ་ཁུངས་སུ་ཕ་ཡུལ་དང་ཕ་ས་ཟེར་བ་དེ་ནི་ཅི་འདྲའི་ལྡོག་དུ་མེད་པའི་ཆེས་རྩ་ཆེན་ཞིག་ཡིན་པ་རྟོགས་དུ་བཅུགས་ན་ཡང་། ཚོར་རྒྱུ་དང་གོ་རྒྱུ་མེད་པའི་གཞོན་རབས་མི་རབས་ཤིག་ནི་དུས་རབས་གསར་བ་ཞིག་བྲན་གཡོག་ལ་རྒྱུགས་པར་འགྲན་རྩོད་བྱེད་པ་དེ་མཐོང་དུས་ཀྱི་ང་རང་ཡང་། དུས་རབས་གསར་བའི་བྲན་གཡོག་ཞིག་ལས་གང་ཡང་མིན་པ་སེམས་བསམ་པའི་གཏིང་ནས་ཤེས་སུ་བཅུགས་སོང་།