ཡིད་རང་དང་ཡི་རང་གཉིས་ལས་གང་དག་པ་ཡིན་ནམ།

དེ་ནི། བོད་ཀྱི་རྒྱལ་པོ་ཁྲི་རལ་གྱི་དུས་སུ་ལོ་ཙྭ་བ་སྐལ་ཅོག་ཞང་གསུམ་གྱི་དུས་སུ་སྐད་གསར་བཅད་ཀྱི་དུས་སུ་ཡིད་རང་གི་ཡིད་ལ་རྗེས་འཇུག་ད་བཀོག་པ་དང་། ད་དུང་། ཡིད་དྭགས་ཀྱི་ཡིད་དང་། ཡིད་དམ་གྱི་ཡིད་བཅས་ཀྱི་མཐའ་རྟེན་ད་ཡིག་བཀོག་པར་བརྟེན་དེང་གི་དུས་སུ་ཡིད་རང་ཞེས་འབྲི་མཁན་མེད་སོང་བ་རེད།

ཡིན་ཡང་། དོན་དངོས་ཀྱི་ཐོག་ཡིད་རང་ཞེས་འབྲི་དགོས་པ་ལས་ཡི་རང་འབྲི་བ་དེ་མ་དག་པ་ཞིག་རེད། ཡིན་ཡང་། དེང་སང་ཀུན་གྱིས་ཡི་རང་ཞེས་འབྲི་གི་འདུག་པས། དེ་བཞིན་མ་བྲིས་ན་ནོར་འདུག་ཅེས་སྐྱོན་བརྗོད་བྱེད་སྲིད་པ་ཞིག་རེད། ཡིན་ཡང་། ཡི་རང་ཞེས་པར་ད་ཡིག་བཀོག་པ་ཡིན་པར་གསལ་པོར་ཤེས་ན་ཡི་རང་གི་དག་ཆའི་འབྱུང་ཁུངས་ཤེས་པར་ཕན་ཐོགས་ཡོད་ངེས་རེད།