སྐད་ཡིག་ཁྲིམས་ཁང་ལ་ཞུ་བ།
ཁྲིམས་དཔོན་མཆོག་གིས་ཡིད་རང་དང་ཡི་རང་གཉིས་ལས་ཡིད་རང་གནའ་བོའི་འབྲི་སྲོལ་ཡིན་ལུགས་དང་།ཡིག་རྒན་དག་ན་ཡོད་རབས།ཆོས་རྒྱལ་ཚོའི་སྐབས་སུ་ཡིད་རང་ནས་ཡི་རང་དུ་ཉུང་འཕྲི་བྱས་རབས་གསུངས་འདུག འོན་ཀྱང་ཁྲིམས་དཔོན་མཆོག་གིས་རང་ཉིད་ཀྱི་སྐད་ཆ་དག་བདེན་པ་ཡིན་པའི་དཔང་རྟགས་བསྟན་མི་འདུག དེས་ན་ཁྲིམས་དཔོན་མཆོག་གིས་ཡིག་རྒན་གང་ན་ཡིད་རང་ཡོད་པ་དང་།ཆོས་རྒྱལ་ལོ་པཎ་གང་གིས་སྐད་འདི་དག་གསར་བཅད་བཟོ་པའི་ཡིག་ཁུངས་གསལ་པོར་གསུང་རོགས་ཞུ། གལ་ཏེ་གནད་དེ་གསལ་ཁ་མ་བྱུང་ན་ངས་སྐད་ཡིག་ཁྲིམས་ཁང་ཡང་སིམ་ལ་ཁྲིམས་ཁང་ནང་དུ་གཏུགས་གཤེར་བཟོ་རྒྱུ་ཡིན་པས་ཁྲིམས་དཔོན་མཆོག་གིས་དགོངས་པའི་དབྱིངས་སུ་བཞག་རོགས་ཞུ།
གྱོད་ཡ་དང་ཞུ་སྦྱོར་བ། གུས་པ་ཟིན་བྲིས་པ་དཔལ་ལྡན་རྡོ་རྗེ་ནས།