གསེར་རྟ་བླ་རུང་ཆོས་སྒར་གྱིས་ཡུལ་ཤུལ་ལ་རོགས་སྐྱོར་གནང་གྲངས།

གནོད་ཐེབས་མང་ཚོགས་ལ་མཚོན་ན་ཡུལ་ཤུལ་གྱི་རྫོང་ཁག་དྲུག་དང་། ཟི་ཁྲོན་དཀར་མཛེས་ཁུལ་གྱི་རྫོང་ཁ་ཤས་ཀྱི་མང་ཚོགས། བོད་ལྫོངས་ཆབ་མདོ་ཁུལ་གྱི་གནོད་ཐེབས་མང་ཚོགས་གཙོས་ས་གནས་འདིར་ས་ཡོམ་གདུག་རྩུབ་ཀྱིས་གནར་བའི་ཁྱིམ་ཚང་བགྲང་ཡས་ཀྱི་འདི་ཕྱིའི་རེ་ལྟོས། ཉམ་ཐག་སྐྱེ་བོ་དཔག་མེད་ཀྱི་རེ་ལྟོས་བཅའ་སའི་ཞིང་མཆོག་དམ་པ། ནང་བསྟན་རིག་གཞུང་འབའ་ཞིག་གི་སྙིང་པོ་བཟུང་བའི་མི་ཡུལ་གྱི་ཞིང་ཁམས་བླ་རུང་ཆོས་སྒར་ལགས། ཁྱེད་ནི་ངེད་ཡུལ་ཤུལ་མི་དམངས་ཀྱི་སེམས་ནང་གི་ཉི་མ་གཅིག་པུ་ཡིན། ཤི་གསོན་གཉིས་ལ་རོགས་སྐྱོར་གནང་ཐུབ་མཁན་ནི་གོས་དམར་གཞན་ཕན་གྱི་སྡེ་ཚོགས་གཅིག་པུ་རེད་འདུག ང་ཚོའི་མེས་པོའི་རིག་གཞུང་ནང་དུ་སྡུག་བསྔལ་གྱིས་གཟིར་བའི་སེམས་ཅན་གྱི་དོན་དུ་སྐུ་ལུས་དུམ་བུ་སྟོང་དུ་གཏུབ་མྱོང་བའི་ལོ་རྒྱུས་དག་ཡིད་ལ་ལྷང་ངེར་དྲན་གསོ་ཐེངས་གཅིག་ཐེབས་སོང་། ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ་དགེ་འདུན་པ་རྣམས་ནི་སེམས་ཅན་གྱི་དཔུང་གཉེན་བླ་ན་མེད་པ་ཞིག་གོ། གངས་ལྗོངས་གླེང་སྟེགས་སུ་ཡེལ་པ་པས་སྤེལ་བ་ལས་དྲངས། འབྲེལ་ཐག་འདིར་གནོན་ཙམ་གྱིས་དང་གཟིགས་ཐུབ