མཚུངས་བསྡུར་གྱི་ཁ་མཆུ་ལ་ཁྲིམས་ཁང་ནས་གསལ་བསྒྲགས།
རྒྱུ་མཚན་ནི། འཕྲད་ཅེས་པ་ནི་མིང་ཚིག་སྔ་ཕྱི་གཉིས་མཚམས་སྦྱོར་བྱེད་ལ་གོ་བས་བྱེད་པའི་ཆ་ནས་བཏགས་དགོས་པ་ལས་བྱ་བའི་ཡུལ་གྱི་མིང་ཐོགས་ས་གཏན་ནས་མེད། བསྐྲུན་ཞེས་པ་ནི་བྱ་བའི་ཡུལ་གྱི་ཆ་ནས་མིང་འདོགས་སྟངས་ཤིག་ཡོད་ལ། སྐྲུན་ཞེས་བྱེད་པའི་ཆ་ནས་འདོགས་སྟངས་ཤིག་ཀྱང་ཡོད།
དཔེར་ན། སེམས་བསྐྱེད་ཅེས་པ་དང་། སེམས་སྐྱེད་ཅེས་པ་གཉིས་ཀ་འབྱུང་ཡང་། གཉིས་ཀ་དག་པ་ཞིག་ཡིན་མོད། ཚིག་ལ་ལྟོས་ནས་གོ་དོན་ཏོག་ཙམ་འགྱུར་འགྲོ་བ་ཡིན་ཏེ། བས་འཕུལ་ཅན་ཡིན་ན་བྱ་བའི་ཡུལ་ལམ་དངོས་པོ་གཞན་གྱི་སྟེང་ནས་བཏགས་པ་ཞིག་ཡིན་ལ། སེམས་བསྐྱེད་པར་བྱ་བ་ཞེས་བརྗོད་དུས་དངོས་པོ་གཞན་གྱི་སྟེང་ནས་འདོགས་ཀྱི་ཡོད་པས་སེམས་ཅན་ནས་སངས་རྒྱས་ཀྱི་བར་ཀུན་ལ་ཡོད་ཆོག་པ་དང་། སེམས་སྐྱེད་པར་བྱེད་པ་ཞེས་བརྗོད་ན། བྱེད་པའམ་བྱེད་ལས་ཀྱི་སྟེང་ནས་བཏགས་པ་ཞིག་ཡིན་སྟབས་སེམས་ཅན་ཁོ་ནའི་རྒྱུད་ལ་ ཡོད་པ་ལས་སངས་རྒྱས་ཀྱི་རྒྱུད་ལ་མེད་དེ།
ལེགས་པར་བཤད་པ་གསེར་གྱི་ཕྲེང་བའི་༡༥༥ནང་དུ། དོན་དུ་གཉེར་ཞེས་པ་བྱ་ལས་བྱེད་ལས་ཀྱི་ཁྱད་པར་ལས་སངས་རྒྱས་ཀྱི་རྒྱུད་ལ་ཡོད་ མེད་གསལ་པོར་གསུངས་ཡོད་པས་ཤེས་ནུས་སོ།
དུས་ཚོད་ཀྱི་དབང་གིས་མྱུར་དུ་གསལ་བསྒྲགས་སྤེལ་བ་ཞིག་ཡིན་པས་ཉིད་ཀྱི་དྲི་བ་ཀུན་ལ་ལན་འདེབས་མི་ཐུབ་ཀྱང་། དུས་ཚོད་གང་ཁོམ་ལ་ཡོང་ནས་ཉིད་ཀྱི་དྲི་བ་གཞན་གསར་བསྒྲིགས་དང་གསར་སྒྲིག་སོགས་ཀྱི་དག་མིན་དང་ཁྱད་པར་སོགས་ལ་ཞིབ་འཇུག་བྱེད་ཀྱི་ཡིན།
བོད་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས།
