འབྱུང་འགྱུར་བཀའ་བློན་ཁྲི་པ་སུ་ཞིག་འོས་འཚམསའདུག་གམ།

དེ་ནི་དམངས་གཙོ་ཡར་རྒྱས་ཀྱི་གནང་ཕྱོགས་ཟེར་དགོས་པ་རེད་དམ། རང་ཉིད་རྐུབ་སྟེགས་ལ་རྔམས་པ་རེད་དམ་ཞེས་སོགས་ཀྱི་དྲི་བ་མང་པོ་ཤར་གྱིན་འདུག་ཟེར་མཁན་མང་ཡང༌། གུས་པའི་ཚུལ་ཚུལ་ནི་ཚོ་པ་དང་མི་སྒེར་གྱི་ཐབས་ལམ་འདྲ་མི་ཐོག་རང་ཉིད་བཀའ་ཁྲི་ལངས་འདོད་ཡོད་པ་དང་ལངས་ནས་མ་འོངས་པའི་འཆར་འགོད་འདི་དང་འདི་བྱེད་ཀྱིན་ཡིན་ཟེར་བ་སོགས་ནི་དེང་གི་རྒྱལ་ཡོངས་ཀྱི་འོས་བསྡུས་འགྲན་རྩོད་བྱེད་སྟངས་དང་མཚུངས་པས་ཡག་པོ་ཞིག་ཏུ་མཐོང༌། མ་ཟད་གཙོ་ཆེ་ཤོག་ནི་༧གོང་ས་མཆོག་གི་དགོངས་གཞི་དགོངས་པ་ཇི་ལྟར་བ་བཞིན་ལེན་ཐུབ་མཁན་དང་བསྒྲུབ་ཐུབ་མཁན་དང་མ་འོངས་པ་བོད་རྒྱ་གཉིས་ཀྱི་དཀའ་ངལ་སེལ་ཐུབ་རྒྱུ་དང་ན་གཞོན་རྣམས་ནི་མ འོང་པའི་བོད་ཀྱི་སོན་རྩ་ཡིན་པས་སོང་ན་གཞོན་རྣམས་ལ་ཤེས་ཡོན་སློབ་སྦྱོང་ཐོག་ཤུགས་གནོན་རྒྱབ་རྒྱུ་དེ་ནི་མ་འོངས་པའི་བཀའ་ཁྲིའི་ཁྱད་ཆོས་དང་པོ་མཐོང༌། བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་དང་ལས་དོན་བྱེད་ཕྱོགས་གང་ཡིན་ཐེ་ཚོམ་མེད་པ་ཤར་བསྐྱོད་བྱེད་ཐུབ་མཁན། མ་འོངས་པའི་བཀའ་ཁྲི་ལ་ཤེས་འཇོན་གཉིས་ལྡན་ཡོད་པའི་ཐོག་ད་ལྟའི་བཀའ་ཁྲི་བཞིན་དུ་གཞུང་དྲང་པོ་དང་མི་དམངས་ལ་ཁ་ཡོད་ལག་ཡོད་ཕན་ཐོག་ཡོད་པའི་ལས་དོན་བསྒྲུབ་མཁན་དང་ལྷག་པར་དུ་བཙན་བྱོལ་གཞུང་གི་ལས་དོན་བསྒྲུབ་ཕྱོགས་ལ་ཉམས་མྱོང་ཡོད་མཁན་དགོས་གལ་ཆེ་བ་མཐོང༌། གུས་པའི་མཐོང་སྣང་ལ་བཀའ་ཁྲི་འོས་མཚམས་ནི་ད་ལྟ་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་དང་བྱང་ཨ་རི་རྒྱལ་བའི་སྐུ་ཚབ་དོན་གཅོད་སྐུ་ངོ་བློ་བཟང་སྙན་གྲགས་གཉིས་མཐོང༌། དྲྭ་གྲོགས་རྣམ་པ་ཁྱེད་ཉིད་ལ་གང་ཞིག་འབྱུང་འགྱུར་བཀའ་ཁྲིའི་ལས་གནས་བྱེད་ན་བཟང་གི། བསམ་ཚུལ་གསུང་པ་དགའ་བསུ་ཞུ། འུ་ཚོ་བགྲོ་གླེང་བྱེད་ཆོག