ཁེར་རྐྱང་གིས་ང་རྡུང་དུས་ཤིག

ཁེར་རྐྱང་གིས་ང་རྡུང་དུས་ཤིག
ཁེར་རྐྱང་
སེམས་ཁར་མི་མཛའ་ཞིང་
བློ་ཁར་མི་ཤོངས་བའི་ཚོར་སྣང་གཟན་པོ་ཞིག
ཁྱོད་གནམ་ངོས་ནས་མ་ལྷུང་ཅིང་
ཁྱོད་ས་འོག་ནས་མ་འབུས་ཀྱང་
སུ་ཞིག་གི་རྒྱུག་ཁྱི་བཞིན
གང་ཞིག་གི་བཀོད་བྱུས་ལྟར་
མི་ཚེ་ལ་གཟས་ཤིང་
ཚོར་བདེ་ལ་ཟུགས
ཁེར་རྐྱང་
ངས་རྒྱང་ཐག་རིང་ན་བསམ་པའི་ཚོར་ཤེས་ནག་པོ
ཕ་མ་དང་རྒྱང་ཐག་རིང་ས་ཞིག་ནས
ཕུ་ནུ་དང་ཁ་ཐག་གྱེས་ས་ཞིག་ནས
ཐག་ཉེ་ཐག་ཉེར་སླེབས་པའི་འཆམ་ར་བའི་ཞེད་ས
ཁེར་རྐྱང་
མི་ཚོགས་མང་ས་ནས་ལོང་ཡོང་བའི་གདོན་འདྲེ
ཁ་ཁུ་སིམ་ས་ནས་ཐོན་ཡོང་བའི་རྐུ་མ་
ཇ་ཆུ་འདྲེན་རོགས་དང་
སྙིང་གཏམ་གླེང་རོགས
ད་དུང་སྐྱིད་སྡུག་གཅིག་རོགས་མེད་དུས་རེར
ཁྱོད་དགྲ་བོ་ལས་ཐུ་ཞིང་
ཁྱོད་གཤིན་རྗེ་ལས་རྩུབ
༢༠༡༠་༨་༡༨