ཞུམ་པ་མེད་པའི་མཚོ་བོད་མཐོ་སྒང་གི་སྐལ་བཟང་མེ་ཏོག

ཆེད་ལས་རང་བཞིན་གྱི་སྦྱོང་བརྡར་ཐོབ་མ་མྱོང་ཡང་ཁོ་མོས་རང་གི་འབད་བརྩོན་དང་ནུས་རྩལ་ལ་བརྟེན་ནས་རྒྱལ་ཡོངས་ཀྱི་འགྲན་ཞུགས་པ་ལྔའི་གྲས་སུ་ཚུད་པ་རེད། དབྱངས་ཕྱུག་འཚོས་དང་ཐོག་གཉུག་མར་གནས་པའི་གླུ་བླངས་པ་དང་རིམ་གྱིས་དེང་རབས་ཀྱི་དར་ཁྱབ་ཆེ་བའི་གཞས་བཏང་བར་མ་ཟད། ད་དུང་གཞས་གཏོང་ཞོར་དུ་ཞབས་བྲོ་ཡང་འཁྲབ་སྟོན་བྱས་པས་དཔྱད་འདེམ་པ་དང་ལྟད་མོ་བས་དབྱངས་ཕྱུག་མཚོ་ལ་འགྱུར་ལྡོག་བརྒྱ་འགྱུར་གྱི་འཁྲབ་སྟོན་པ་ཞེས་ཀྱང་འབོད་བཞིན་ཡོད།

དབྱངས་ཕྱུག་འཚོས་བཤད་པ་ལྟར་ན། ང་ནི་མ་གཞི་ནས་གྲངས་ཉུང་མི་རིགས་ཡིན་པས་མི་རིགས་ཀྱི་ཁྱད་ཆོས་ཡོད་སྲིད། ཡིན་ཡང་ལེ་ཚན་གྱི་ཕྱིར་དུ།  ངས་རོལ་མོའི་དགེ་རྒན་ལ་གྲོས་བྱས་ནས་གཞས་བདམས་ཤིང་དེ་རྗེས་ཐག་གཅོད་བྱས་པ་ཡིན། ངས་ནམ་རྒྱུན་རུས་པའི་གསེང་གི་བོད་རིགས་ཀྱི་གཞས་དེ་གླུ་ལེན་མི་འདོད། དེ་བས་ལེན་སྟངས་དང་ལེན་བྱ་བསྒྱུར་བ་ཡིན་ཟེར།

yang-chuk-tsoའོན་ཀྱང་གནས་ཚུལ་རྒྱུས་ལོན་བྱེད་མཁན་རྣམས་ཀྱིས་བརྗོད་པ་ལྟར་ན། རོལ་མོའི་དགེ་རྒན་གྱིས་མཐའ་གཅིག་ཏུ་དབྱངས་ཕྱུག་འཚོ་ལ་དེང་རབས་ཀྱི་ཕྱོགས་སུ་བསྙེགས་པར་སྐུལ་མ་བྱེད་པ་དང། དཔྱད་འདེམ་པའི་རེ་བ་ནི་རང་མི་རིགས་ཀྱི་ཁྱད་ཆོས་སྲུང་འཛིན་བྱ་རྒྱུ་དེ་རེད། ལྟ་ཚུལ་དང་འདོད་བློ་མི་འདྲ་བ་གཉིས་ཀྱི་མཚམས་སུ་གནས་ཡོད་འདུག དེར་བརྟེན་ནས་དབྱངས་ཕྱུག་འཚོས་བཤད་པར། ང་ནི་མི་རིགས་ཀྱི་གླུ་མ་ཞིག་ཡིན་པའི་ངོས་ཐད་ནས། སྐབས་རེ་ངས་མི་རིགས་ཀྱི་གླུ་དབྱངས་ལེན་རྒྱུ་དང་སྐབས་ལན་རེར་ངས་དེང་རབས་ཀྱི་གཞས་གཏོང་གི་ཡིན། རང་ཉིད་ཐོད་བརྒལ་བྱ་རྒྱུ་དེ་ཡང་རང་གི་འཇོན་ནུས་མངོན་པའི་གོ་སྐབས་ཤིག་ག་ལ་མིན།  རྒྱུན་དུ་བོད་གཞས་རྐྱང་རྐྱང་བཏང་ན་ངས་བསམ་ན་ལྟ་མཁན་ཚོ་ཡང་སུན་རྒྱུ་རེད། དེ་བས་ངས་ཅི་ནུས་ཀྱིས་རང་ཉིད་ཀྱི་བློ་ཁ་དེང་རབས་འཁྲབ་སྟོན་གྱི་གར་སྟེགས་ཕྱོགས་སུ་བསྒྱུར་པ་ཡིན་ཞེས་བརྗོད་ཡོད་འདུག

སྤྱིར་གསར་སྐྱེས་གླུ་མ་དབྱངས་ཕྱུག་འཚོ་ནི། ད་སྐབས་རང་ལོ་༡༩ དང་༢༠ མཚམས་སུ་སླེབས་ཡོད་ཅིང། གླུ་གཞས་སྒྱུ་རྩལ་གྱི་ཐོག་ཏུ་སྐྱེས་སྟོབས་ཀྱི་ཤེས་རབ་ལྡན་པའི་བུ་མོ་ཞིག་ཡིན་པ་རེད་འདུག །

http://www.tudou.com/programs/view/46X8cObG2fw/

དྲ་བ་འདིའི་ནང་ལ་གཟིགས་དང་། ཁོ་མོས་འགྲན་སྡུར་སྐབས་སུ་བཏང་བའི་གླུ་གཞས་ཡོད།