ཁྲིམས་དཔོན་ལགས་སུ་ཞུ་རྒྱུར།
ངས་ཁ་སྔོན་ནས་ཁྲིམས་ཁང་འདི་ལ་དོ་སྣང་ཆེན་པོ་བྱུང་།འོན་ཀྱང་ཁྲིམས་དཔོན་འདི་རང་རློམ་ཆེ་བ་དང་གཞན་སྐྱོན་ཁབ་ཀྱིས་འཚོལ།རང་སྐྱོན་རི་བོར་འགེབས་པ་ལྟ་བུའི་ཚོར་སྣང་ཞིག་བྱུང་། གཞན་ལ་གཅིག་འབྲི་སྲོལ་མེད་ལུགས་དང་ཁུངས་མེད་ལུགས་མང་པོར་བཤད་ཀྱང་།རང་ལ་གང་དག་འབྲི་པའི་ཁུངས་འདྲི་དུས་ཅི་ཡང་གླེང་རྒྱུ་མེད་པ་མང་དག་གཅིག་འདུག
དེས་ན་ཁྱེད་ཀྱིས་གོང་གི་གནོངས་རོགས་ཞེས་འབྲི་སྲོལ་མེད་པའི་ཁུངས་གསལ་པོར་གསུང་དགོས།ངེས་པར་དུ་གསུང་དགོས།
རང་རློམ་དང་རང་ཉིད་ཀྱི་ཕྱི་རྟིང་བཀྱགས་སྟངས་ལ་བལྟས་ན་ཁྲིམས་དཔོན་གང་ཉིད་སུ་ཡིན་པ་ཀུན་གྱིས་གསལ་པོར་ཤེས་ཐལ།