ཁྲིམས་རར་བཤད་པའི་ཚིག་ཐོ།

ལར་ནི་གནངས་ཞེས་པའི་ཚིག་འདི་སང་ཉིན་དང་གནངས་ཉིན་ཞེས་པའི་གནངས་ལས་མཛད་པའམ་གནང་བ་ཞེས་པའི་འདས་ཚིག་ལ་འགྲོ་བའི་ཁུངས་གང་ཡོད་གསལ་པོར་གསུང་རོགས་གྱིས། རྙོག་པའི་དྲ་བ་ཡི་དྲ་དེ་ད་དྲ་བྲིས་པ་ཡོངས་སུ་གྲགས་ལ། གཙོ་ཆེར་ཡོངས་གྲགས་འདོད་དགོས་ཁྱོད་ཀྱང་ཁས་ལེན་པ་མིན་ནམ། ཁྱོད་ཀྱིས་སྐྲུན་ཞེས་འབྲི་ན་ཡོངས་གྲགས་གཅིག་གྱུར་གྱི་ལེགས་ཚུལ་གསུངས་ན་རྙོག་དྲའང་དེ་དང་མཚུངས་སོ།

བསྐྲུན་ཞེས་མི་འབྱུང་བས་པར་སྐྲུན་ཞེས་གཅིག་གྱུར་ཅིག་བྱུང་ན་ལེགས་སམ་སྙམ། མ་ཟད་ག་གྲ་ནི་གྲ་མ་དང་རྩེ་གྲ་སོགས་ཀྱི་གྲ་ཡིན་པས་རྙོག་པའི་དྲ་བ་དང་གཏན་ནས་མི་འདྲ། གཞན་ཡང་དུས་གསུམ་ཁ་རེ་རེ་ལའང་གསུམ་རེ་ཕྱེ་རྒྱུ་ཡོད་པ་ང་ཡིས་ཀྱང་ཤེས་ཀི ཁྱོད་རང་གིས་རྙོག་དྲའི་རྙོག་ནི་རྙིག་འདི་བྲིས་ཡོད་མིག་ལྡན་ཟིན་བྲིས་པ་ཀུན་གྱིས་མཐོང་ཡོད་ད་དུང་ཁྱོད་ཀྱིས་ཚུར་བཤད་ཆོག་ནི་མེད་པར་ཕར་བཤད་པའི་རྒྱུ་མཚན་རྣམས་ཀྱང་ཁས་ལེན་དགོས་ངེས་རེད ༼ཉུང་དང་ཉུངས་༽༼ པར་དང་དཔར༽༼འཕྲད་དང་ཕྲད་༽ སོགས་བྲིས་ཆོག་པ་དང་འགྲིགས་པ་ཡིན་ན་༼འཐོབ་ཐང་དང་ཐོབ་ཐང་༽ཞེས་ཅིའི་ཕྱིར་མི་འགྲིགས་པར་ཡིན།

༡༽འཛམ་བུ་གླིང་ཁྲིམས་མཐུན་ཅན་གྱི་རྒྱལ་ཁབ་གང་ཞིག་ཡིན་ཚེ་ཁྲིམས་གཏུག་ཞུ་སར་ཡོད་དམ།

༢༽དྲང་པོ་མིན་པའི་ཁྲིམས་དཔོན་ཞིག་ང་ཚོར་མཁོ་འམ།

༣༽རང་གིས་ཁྲིམས་འཁུར་ཤེས་པའི་ཁྲིམས་དཔོན་ཞིག་དགོས་སམ།