རེ་སྐུལ།

སྐུ་ཞབས་བྱམས་པ་དབང་ལྡན་ལགས། ཁྱེད་ཀྱི་ཟིན་བྲིས་མང་པོ་སྤེལ་གནང་བར་ཐུགས་རྗེ་ཆེ། ཁྱེད་ཀྱི་ཟིན་བྲིས་ནང་དུ་སྨོན་ལམ་ཡིག་གཟུགས་དང་པོ་བེད་སྤྱོད་བྱས་འདུག སྨོན་ལམ་ཡིག་གཟུགས་དང་པོ་དེ་རྒྱལ་སྤྱིའི་གཅིག་གྱུར་ཨང་རྟགས་ཅན་གྱི་ཡིག་གཟུགས་མ་རེད། དེར་བརྟེན་དྲ་གྲོགས་གཞན་རྣམས་ཀྱིས་ཀློག་ཐུབ་ཀྱི་མི་འདུག རྗེས་སུ་ཧི་མ་ལ་ཡ་ཡིག་གཟུགས་སམ་ཡང་ན་སྨོན་ལམ་བོད་ཡིག་གསུམ་པ་བེད་སྤྱོད་གཏོང་རོགས་གནང་།

ཁྱེད་ཀྱིས་ཟིན་བྲིས་སྤེལ་སྐབས་ཐོག་གི་ལག་ཆ་མང་པོ་ཡོད་པའི་ནང་ནས་Insert read more ཞེས་འབོད་པའི་རྟགས་ཆུང་དེར་བསྣན་ནས་ཡིག་ཆ་ཕྱེད་ཀ་རྒྱབ་ལོགས་སུ་གཏོང་རོགས་གནང་།

བོད་ཀྱི་བང་ཆེན་དྲ་རྒྱའི་དོ་དམ་པས།

ཁ་པར། 9816046407