ཁྲིམས་དཔོན་ལགས་སུ་ཞུ་ཡིག
གལ་སྲིད་ད་དྲ་ཡིན་ན་ངག་སྒྲོན་རྩ་འགྲེལ་གཉིས་ཀའི་ནང་དྲ་བ་་་་་་་སྐུད་པ་འབྲེལ་བའི་སྣོད་ཉ་རྒྱ་ལྟ་བུ་དང་གཞན་ཡང་དྲ་ཕད་་་་་་སྒྱུ་དྲ་་་་་དྲ་མིག་་་་་་་་རྟོག་པའི་དྲ་བ་སོགས་དང་དྲ་བ་དྲ་ཕྱེད་སོགས་ཞིབ་གསལ་བྱས་ནས་བཏོན་པ་རྣམས་ལ་ཁྱོད་ཀྱིས་ཇི་ལྟར་འགྲེལ། གཞན་ཡང་ཐེ་ཚོམ་གྱི་དྲ་བའི་དྲ་ལ་ད་དྲ་དགོས་སམ་མི་དགོས། དེ་བཞིན་རྙོག་པའི་དྲ་བ་ཡི་དྲ་ལ་ག་གྲ་ཡིན་ན་ཁྱོད་ཀྱིས་སྒྲ་བཤད་ཇི་ལྟར་རྒྱག་དགོས་སམ། འདི་དག་ལ་གཟུ་གནས་ཟིན་བྲིས་པ་ཡོངས་ཀྱི་དཔྱད་གཞིའི་ཚུལ་དུ་ཕུལ་བ་ལགས་ན་དེ་ལུགས་དཔྱོད་རོགས་ཞུ།