ཡུའུ་ནན་ཞིང་ཆེན་དུ་ཆུ་ལོག་གི་གནོད་འཚེ་ལས་མི་༢༩ གྲོངས་པ།

འོན་ཀྱང་ཟླ་འདིའི་ཚེས་༢༣ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ད་བར་མི་ཤི་བའི་གྲོངས་འབོར་༢༩ ལ་སླེབས་པ་དང། མི་༦༣ གར་སོང་མེད་པར་གྱུར་པ་དང། མུ་མཐུད་ཆར་པ་བབ་པར་བརྟེན་ཁུལ་དེའི་གཙང་པོ་ཆེར་རྒྱས་ནས་ཚེས་༢༢ ཉིན་ལམ་ཁ་ཆ་ཚང་འགག་ཡོད་འདུག ཐེངས་འདིའི་ཆུ་ལོག་གི་བྱུང་རྐྱེན་ནི་པུས་ལོ་གངས་རི་ནས་འབབ་པའི་རྒྱལ་མོ་རྔུལ་ཆུའི་ཡན་ལག་གི་ཡའོ་ཀུའུ་ཆུ་བོའི་དབུས་སྟོད་ལ་དྲག་ཆར་བབས་ཏེ་བྱུང་བ་ཡིན་པའི་གནས་ཚུལ་སྤེལ་ཡོད་རེད།།

{jcomments on}