བོད་མི་འདུ་འཛོམ་དང་། གཏོར་རྒོལ་གྱི་ཉེན་ཁ།

༡)་་བོད་གཞུང་མང་ཚོགས་ཆེན་དང་པོ་འཚོགས་པ་དང་།

༢)་་༧གོང་ས་མཆོག་ལ་བོད་གཞུང་དམངས་གཉིས་ཀྱིས་བརྟན་བཞུགས་ཕུལ་བ། 
༣)་་༧གོང་ས་མཆོག་གིས་གདན་ས་རྣམ་གྲོལ་གླིང་གི་སློབ་ཐོན་པ་སོགས་ཀྱི་ལག་ཁྱེར་གནང་རྒྱུའི་མཛད་སྒོ། 
༤)་་དེ་བཞིན་རྒྱལ་ཡུམ་ཆེན་མོའི་རྐང་རྩེད་སྤོ་ལོའི་འགྲན་རྩོད་མཐའ་མ། 
༥)་་ཁ་ཤས་ཀྱིས་བཤད་རྒྱུར་ནམ་རྒྱུན་ལོ་གསར་ལ་འཁྲབ་བཞིན་པའི་མགོན་པོ་ཞབས་སྣ་འཁྲབ་སྟོན། 
༦)་་བཀའ་ཁྲིའི་འོས་མི་ལྔས་མང་ཚོགས་ལ་བགྲོ་གླེང་གནང་རྒྱུར། དེ་བཞིན་ལས་འགུལ་ཆུང་ཚེགས་དང་། མཛད་སྒོ་སྣ་མང་གི་ཟིང་ཆ་ཞིག་ཡོང་ངེས་ཡིན་འདུག 
དེ་དང་བསྟུན་ནས་
ད་རེས་བོད་གཞུང་དམངས་ཚོགས་ཆེན་ཐོག་ཕེབས་པའི་ཚོགས་མི་ཡོངས་ལ་གདན་ས་ཆེན་པོ་རྣམ་གྲོལ་གླིང་ནས། དེ་རིང་དགོང་མོའི་ཆུ་ཚོད་བདུན་པའི་སྟེང་ཞལ་ལག་རྒྱས་པ་ཞིག་འབུལ་བཞིན་ཡོད་འདུག

འདུ་འཛོམ་འདི་དང་། གལ་གནད་ཆེ་བའི་ལྷན་ཚོགས་འདིའི་ཐོག་ནས་གྲུབ་འབྲས་བཟང་པོ་ཞིག་འཐོབ་རྒྱུའི་ཚོད་དཔག་བྱ་ཆོག་ལ། གདན་འཛོམ་འདི་ནི་གཟི་བརྗིད་ལྡན་པའི་ལོ་རྒྱུས་རང་བཞིན་ཞིག་འགྱུར་བའང་ཡོང་སྲིད། རྒྱུ་མཚན་འདི་དག་ལ་བརྟེན། སུ་ཞིག་གི་སྙིང་ན་ཞིང་། གང་ཞིག་གི་བྱུས་ངན་གཤོམ་ཏེ་ང་ཚོ་ལ་རྒོལ་རྡུང་གཏོང་མཁན་ཀྱང་མེད་པ་མིན

དེའང་ཁུངས་ཐུབ་ཀྱི་གནས་ཚུལ་དང་། རྒྱུ་མཚན་ལྡན་པའི་སྐད་ཆ་ཞིག་ཡིན་མིན་ཆ་མ་འཚལ་ཡང་། ལྷོ་ཕྱོགས་ཀྱི་གྲོགས་པོ་ཞིག་བརྒྱུད་གོ་ཐོས་བྱུང་བ་ལྟར་ན། ད་རེས་བཙན་བྱོལ་བོད་ཀྱི་འདུ་འཛོམ་ཆེན་པོ་འདི་ལ་ཆེད་དམིགས་ཀྱིས།  པ་ཀི་སི་ཐན་བརྒྱུད་དགྲ་མིའི་གསང་ཉུལ་དང་། གཏོར་རྒོལ་བ་སླེབས་སྲིད་པའི་གསང་བརྡ་ཞིག་རྒྱ་གར་གསང་བའི་ལས་ཁུངས་ནས། བོད་གཞུང་ལ་འབྱོར་ཡོད་པའི་གནས་ཚུལ་ཞིག་བཤད་ཀྱིན་འདུག

དེ་ལྟར་ཉེན་འཚབ་སྔོན་འགོག་གི་རྐྱེན་དུ་དམིགས་ནས། ཚོགས་འདུའི་དུས་ཚོད་ཀྱི་སྔོན་འཇུག་བར་གསུམ་དུ། རྒྱ་གར་ལྷོ་ཕྱོགས་སུ་མེ་འཁོར་གྱི་འཛིན་བྱང་སོགས། མངག་གཏོང་བྱ་རྒྱུའི་ཐད་ནམ་ནམ་རྒྱུན་དང་མི་འདྲ་བ། ཚད་བཀག་དང་། ཆ་རྐྱེན་དགོས་ཀྱི་ཡོད་འདུག་ལ། འགྲོ་བསྐྱོད་ཀྱི་ཐད་ནས་ཀྱང་འགོག་སྡོམ་ཡོད་རབས་འདུག དེ་བཞིན་༧གོང་ས་མཆོག་གི་ཉེན་སྲུང་དམག་མི་ནམ་རྒྱུན་ལས་མང་བ་གཏོང་འཆར་དང་། བོད་ནང་ཁུལ་དུའང་གདན་ས་ཆེ་ཁག་ནས་གྲྭ་རྒོད་ཉི་ཤུ་རྩ་ལྔ་རེ་བསྡུས་ཏེ་ཉེན་འགོག་གི་གྲ་སྒྲིག་ཀྱང་བྱེད་བཞིན་ཡོད་རབས་བཤད་ཀྱིན་འདུག།

འཆམ་ར་དྲི་མེད་རྒྱལ་མཚན་གྱིས་རྒྱལ་གར་གྱི་རྒྱལ་ས་ལྡི་ལི་ནས། ༢༠༡༠་༨་༢༥།