འཕུར་འགྲོ

ལོ་དང་ཟླ་བའི་ཁྲོད་དུ། །ང་རང་སེམས་འཁྱག་ལུས་འཁྱག །

ཉལ་བའི་རྨི་ལམ་དུ་ཡང་། །དྲོད་འཇམ་ཉི་མ་སྒུག་ཡོད། །

 

བྱ་ཁྱུ་གཤོག་སྡང་སྒྲིལ་ནས། །ནམ་འཕང་སྐྱོད་པའི་དུས་སུ། །

ལྕགས་ཀྱི་སེར་བ་ནག་པོས། །བྱ་ཚོགས་ཐར་བར་གཏོར་སོང་། །

 

ཁྲི་གདུགས་ཉི་མ་མེད་ན། །སྨག་གི་ཕ་བང་བཙན་གི །

ང་ཚོ་ལྷ་བྱ་སྤུན་གསུམ། །མགོན་སྐྱབས་འཚོལ་དུ་འཕུར་འགྲོ །