ཁྲིམས་ཞིབ་པར་གནས་སྐབས་རིང་དགོངས་པ་གནང་རོགས།
ཟིན་བྲིས་པ་མང་པོ་ཞིག་གིས་གུས་པར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ།
ཉེ་བའི་ཉིན་ཤས་ནང་། གུས་པ་ལས་དོན་ཞིག་གི་ཆེད་དུ་ཐག་རིང་ཞིག་ཏུ་འགྲོ་དགོས་ཐུག་ཅིང་། གང་དུ་འགྲོ་སའི་ས་གནས་སུ་ལས་དོན་ཅུང་མང་བས་ཟིན་བྲིས་འདི་གཉེར་བའི་དུས་ཚོད་མེད་སྟབས་གནས་སྐབས་ཟླ་བ་གཅིག་ཙམ་རིང་སྐད་ཡིག་ཁྲིམས་ཁང་གི་ཟིན་བྲིས་འདི་གཉེར་མི་ཐུབ་པས། དྲ་གྲོགས་རྣམ་པ་ཚོའི་ཁོངས་ནས་ཟིན་བྲིས་འདི་གཉེར་བའི་སེམས་ཤུགས་ཡོད་རིགས་མཆིས་ཚེ། གུས་པས་ཟིན་བྲིས་འདིའི་གསང་བའི་ཨང་གྲངས་ཀྱང་འབུལ་རྒྱུ་ལགས་ན། མྱུར་དུ་འབྲེལ་བ་གནང་རོགས།
ཞེས་བོད་ཀྱི་སྐད་ཡིག་ཁྲིམས་ཞིབ་པའི་མིང་འཛིན་པ་བེ་རི་དཔལ་ལྡན་རྣམ་རྒྱལ་གྱིས། ༢༠༡༠།༠༨།༣༠ཉིན།