ཤེས་ཡོན་སྐོར་ལ་བགྲོ་གླེང་སྐབས་བསམ་ཚུལ་ཁག་ཅིག
སམ་བྷོ་ཊ་སློབ་གྲྭའི་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་གིས། སྤྱི་ཡོངས་ནས་ཚོགས་ཆེན་འདི་དེའི་ཆེད་དུ་འཚོགས་པ་རེད། ཤེས་ཡོན་ལྟ་བུ་ལ་ཆ་བཞག་ན། རྒྱལ་ཁབ་ཞིག་གི་ཤེས་ཡོན་གྱི་འཚར་ལོངས་དང་གནས་ཚད། སྲུང་སྐྱོབ་བྱེད་རྒྱུ་དེ་སྔོན་༢༠༠༥ ལོར་གཞུང་གི་ཤེས་ཡོན་སྲིད་ཇུས་ཤིག་བཏན་འབེབས་ཡོད་པ་དེ་རེད། གཞུང་གི་སྲིད་ཇུས་དེ་ཚོགས་སྡེ་ཁག་གིས་ལག་བསྟར་བྱས་མ་བྱས། ཀུན་སློང་གཙང་མ་གཙང་། མི་སྣ་འཛོམས་མི་འཛོམས། བཟང་ངན་སོགས་མང་པོ་ཞིག་ལ་རག་ལས་ཀྱི་རེད་བསམ་གྱི་ཡོད། ང་ལ་ཆ་བཞག་ན། ང་ཚོར་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་རེད། ཡིན་ན་ཡང་ང་འདྲིལ་བཞིན་ལངས་བཞིིན་བྱས་ནས་འགྲོ་ཡི་ཡོད་རེད་ཅེས་གསུངས་སོང།
ཧྥ་རན་སི་བོད་རིགས་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་རྒྱ་མཚོས་གསུང་དོན། ད་ལྟ་ཆབ་སྲིད་གོ་རྟོགས་ཞན་པའི་དཀའ་ངལ་ཡོད་ཐག་ཆོད་རེད། ང་ཚོས་བགྲོ་གླེང་བྱེད་སྐབས་བོད་དོན་དྲིལ་བསྒྲགས་བྱེད་སྐབས་དང་པོ་དྲིལ་བསྒྲགས་བྱེད་མཁན་ཚོའི་ཆབ་སྲིད་གོ་རྟོགས་མཐོ་རུ་གཏོང་དགོས་ཀྱི་འདུག ཟབ་སྦྱོང་སྤྲད་དགོས་ཀྱི་འདུག ཆབ་སྲིད་ཀྱི་འབོད་ཚིག་གཅིག་པ་བེད་སྤྱོད་དགོས་ཀྱི་འདུག ཚིག་ཁ་ནས་བེད་སྤྱོད་བཏང་བ་ཙམ་མིན་པར། དེ་ལ་ཆབ་སྲིད་དང་ཁྲིམས་དོན། ལོ་རྒྱུས་ཀྱི་ཤུགས་རྐྱེན་གང་ཡོད་ཚང་མ་ཤེས་དགོས་ཀྱི་འདུག་ཅེས་ཤུགས་ཆེན་པོ་བཤད་སོང་། གཉིས་པ་གཞན་རྟེན་ཟེར་བ་དེ་བདེན་པ་རེད། ག་དུས་ཡིན་ཡང་ང་ཚོ་བོད་པ་དེ་ལས་ཀ་གང་ལ་ཡིན་ན་གཞན་ལ་སྐྱབས་འཇུག་ཞུ་སྡོད་པ་དེ་གཞི་རིམ་བསམ་བློའི་ཞན་ཆ་ཞིག་རེད། ཡིན་ཡང་རྒྱུ་འབྲས་ཀྱི་གནས་ལུགས་ཐོག་ནས་རང་གི་དཀའ་ལས་བརྒྱབ་ནས་འབྲས་བུ་ལོན་གྱི་ཡོད་པའི་ཐོག་ནས་ག་ལེར་འགྱུར་བ་འགྲོ་ཡི་རེད་བསམ་གྱི་ཡོད། གཙོ་བོ་ང་ཚོས་མ་འོངས་པའི་བཀའ་བློན་ཁྲི་པ་དང་སྤྱི་འཐུས་ལ་མི་སུ་འདྲ་ཞིག་ཡོང་གི་ཡོད་ན། དེ་ཚོར་བོད་བསྟན་པ་ཆབ་སྲིད་ལ་ཕན་ཐོགས་པའི་ལས་འཆར་ག་རེ་ཡོད་མེད་ཤེས་པའི་ཐོག་ནས་འོས་འདེམས་བྱེད་དགོས་པའི་བསམ་ཚུལ་ཤུགས་ཆེན་པོ་འདུག་ཅེས་གསུངས་སོང།
ཤེས་ཡོན་སྐོར་ལ་ཚོགས་ཞུགས་པ་ཆོས་འབྱོར་གྱིས། ང་ཚོའི་བསམ་ཚུལ་ཚང་མ་མཐའ་བསྡོམས་བྱས་ནས་བཤད་པ་ཡིན་ན། གཞུང་གི་ཤེས་ཡོན་སྲིད་ཇུས་དེ་ལག་བསྟར་བྱས་མ་བྱས་དེ། ཆོས་ལ་མི་རྟོན་གང་ཟག་ལ་རྟོན་ཟེར་བ་ལྟར། ཤེས་ཡོན་སྲིད་བྱུས་ཁོ་རང་གི་ངོ་བོ་དང་ནུས་པའི་ཐོག་ནས་འདབ་གཤོག་གཉིས་ལྡན་ཆགས་མི་ཆགས་དང་། གསར་བཏོད་ཡོད་མེད་དང་། དེང་དུས་ཀྱི་ཤེས་ཡོན་ཚད་ལྡན་ཞིག་བརྒྱུད་རིམ་དེའི་ནང་ལ་སོང་ན་རག་མི་རག དེའི་ནང་ན་གཏན་འབེབས་བྱས་པའི་དགེ་རྒན་རག་མི་རག་དང་། དེ་ཡི་ལྟ་གྲུབ་ཀྱི་གཞི་འཛིན་ས་དེ་དངོས་ཡོད་ཀྱི་འཚོ་བ་དང་མཐུན་གྱི་ཡོད་མེད་བཅས་རྩོད་པ་ཡོད་བསྡ་པ་ཞིག་རེད་ལ། དེ་ལས་ཀྱང་ཤེས་ཡོན་སྲིད་ཇུས་ཁོ་རང་ལས་བརྒལ་ནས་རྒྱབ་ལྗོངས་དང་རྐྱེན་རྩ་ཞིག་ལ་ཆོས་ལ་མི་རྟོན་གང་ཟག་ལ་རྟོན་པའི་གནས་ཚུལ་ཞིག་ཡོད་པ་ང་ཚོ་ཤེས་ཡོན་ལ་དོ་སྣང་ཡོད་མཁན་ཚོས་དོ་སྣང་སྤྲོད་བཞིན་ཧང་སང་བའི་གནས་ཚུལ། བསམ་བློའི་ནང་འཁོར་མི་ཤེས་པ་དེ་འདྲ་ཞིག་ཆགས་ཀྱི་འདུག་བསམ་གྱི་འདུག ཅེས་བརྗོད་སོང་། མེ་སོར་ས་གནས་གསར་འགོད་པས།
{jcomments on}