སེམས་ཚོར་སྐྱུར་མོ་ཞིག་

ཁ་སེང་གུས་ལས་དོན་ཞིག་གི་ཆེད་དམ་བཅའ་ལ་བཅར་ཐུབ་མ་སོང་ཁང་རྒན་ལ་དགོངས་པ་ཞིག་ཞུས་ནས་མར་ཐོག་བརྩེགས་དང་པོའི་ཐོག་སླེབས་དུས་ང་ཚོའི་རྭ་སྐོར་གྱི་སྐོར་གཡེང་བ་རྒན་གཞོན་ཚང་མས་སྒྲོལ་མ་ཞེས་འབོད་པའི་ཁྱི་དེ་འཇིག་རྟེན་ཕ་རོལ་དུ་སོང་བ་མཐོང་སོང་ཁ་སེང་དགོང་དྲོ་རང་བང་ཆེན་གྱི་ཟིན་བྲིས་ཐོག་ཟིན་བྲིས་པ་རྒན་དབྱིག་གཉེན་མཆོག་གི་ཚེ་རིང་སྐྱིད་ལ་བརྙས་བཅོས་བྱེད་མཁན་སུ་རེད་ཞེས་པའི་བརྗོད་བྱ་དེ་ལ་མཆན་དུ་ གྲོགས་པོ་དབྱིག་གཉེན་ལགས་ ཁྱེད་ཉིད་དེ་འདྲའི་ཀུན་ལ་ཐུགས་བཀུར་བྱེད་མཁན་གྱི་སྐྱེ་བོ་ཞིག་ཡིན་ན་ཉེ་ཆར་ ང་ཚོའི་རྭ་སྐོར་ནང་དུ་ཡོད་པའི་གཟིམ་ཁྱི་སྒྲོལ་མ་ལགས་ཡང་ལུས་ལ་གཟུག་གཟེར་ གྱི་འཚེར་སྐད་འདོན་བཞིན་པ་དང་གཟིམ་ཁྱི་གཞན་དག་གིས་ཁོ་མོ་ལ་མཐོང་ཆུང་དང་ བརྙས་སྨོད་སོགས་བྱེད་ཅིང་ཁོ་མོ་ཚེ་རིང་སྐྱིད་ལས་ལྷག་པའི་སྙིང་རྗེའི་ཡུལ་དུ་ གྱུར་པ་ཞིག་ཡིན་པས་བྱམས་སྙིང་རྗེའི་གཞན་དབང་དུ་སོང་ནས་ཁོ་མོ་བཅོས་ཐབས་ཀྱི་ཐབས་ཞིག་འཚོལ་རོགས་ཞུ་ཞེས་རེ་བསྐུལ་ཞུ་རྒྱུ་བྱུང་ཡང་སྟབས་མི་ལེགས་པ་ཞིག་ལ་ཚོུད་འགའ་ཤས་རྗེས་ལ་ཁྱི་དེ་ས་གཞི་གཙང་མ་འདི་དང་ཁ་བྲལ་ཚར་འདུག་ སྤྱིར་ན་ང་ཚོ་བོད་གདོང་དམར་ཚོ་འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་གདུལ་བྱ་དབང་གིས་སེམས་ཅན་ཉམས་ཐག་པ་འདི་རྣམས་ལ་སྙིང་རྗེའི་གཞན་དབང་དུ་སོང་རྒྱུ་སྨོས་མེད་དང་ཁྱད་པར་འཕགས་པའི་དགེ་འདུན་པ་རྣམས་ཀྱང་དེ་བས་ལྟ་ཅི་སྨོས་ སྒྲོལ་མ་མ་ཤི་བའི་ཉིན་གཉིས་གསུམ་རིང་སྔོན་བསགས་ལས་ངན་གྱི་འབྲས་བུ་སྨིན་པའམ་འཕྲལ་གྱི་རྐྱེན་སོགས་ཀྱིས་ལུས་སྨད་ཀྱི་ཆ་ཤས་གང་འཚམས་ཞིག་ལ་འབུ་བརྒྱབ་ནས་ཁུང་བུ་ཆེན་པོ་ཞིག་ཀྱང་ཆགས་འདུག་འདུས་དམངས་ནས་གང་ཐུབ་ཀྱི་སྨན་ཆུ་སོགས་གང་སྤྲད་ཀྱང་དེ་ཙམ་གྱི་ཕན་འབྲས་མ་བྱུང་ཉིན་མཚན་གཉིས་ཁོ་མོའི་ན་ཟུག་གི་སྐད་སྒྲས་ང་ཚོའི་སེམས་ལ་ཡང་བཟོད་དཀའ་བའི་ཚོར་ཤུགས་བཅོས་མ་བ་ཞིག་ངང་གིས་བྱུང་ དེ་ཕལ་ཆེར་འཕགས་པ་སྤྱན་རས་གཟིགས་ཀྱི་བྱིན་བརླབས་ཀྱིས་ཁ་བའི་ལྗོངས་སུ་གངས་ཕྲུག་སྐྱེ་ནས་རིང་པོ་མ་ལོན་པ་ཨོཾ་མ་མ་ཨོཾ་མ་མ་ཞེས་ཆོས་ལ་བག་ཆགས་ཅུང་ཟད་ཞིག་ཡོད་པ་དབང་གི་ཡིན་པ་གོང་དུ་བརྗོད་པ་ལྟར་དང་དེ་འདྲ་བའི་ཁུང་བུ་ཆེན་པོ་ཞིག་ང་ཚོའི་ལུས་ལ་འབིགས་ན་ཅི་བྱ་སྙམ་པའི་སེམས་ཚོར་སྐྱུར་མོ་ཞིག་ཀྱང་སྐྱེས་སོང་ མཐའ་དོན་ནི་སྒྲོལ་མ་མཚོན་པས་སྡུག་བསྔལ་གསུམ་གྱིས་ཡོངས་སུ་མནར་ནས་འཇིག་རྟེན་ཕྱི་མར་སོང་བའི་ཉམས་ཐག་པ་རྣམས་ཀྱི་ཆེད་ཡིག་དྲུག་མཚན་སྔགས་རེ་འདོན་རོགས་ཞུ་