དགེ་བཤེས་འཇམ་དཔལ་ཚེ་རིང་མཆོག་དགོངས་པ་རྫོགས་ནས་ཉིན་༡༥ཕྱིན་ཡང་ད་དུང་ཐུགས་དམ་ལ་བཞུགས་ཡོད
དགེ་བཤེས་འཇམ་དཔལ་ཚེ་རིངམཆོག་ནི་ ༡༩༣༣ ལོར་བྲག་གཡབ་མ་དགོན་ཁོངས་གཏོགས་ཡར་ཤོད་གྲོང་ཡུལ་སྟགས་ཚུང་དུ་སྐུ་འཁྲུངས། དགུང་ལོ་དྲུག་ནས་སློབ་གཉེར་འགོ་འཛུགས་ཀྱིས་བོད་དབུས་སུ་ཕེབས་སྟེ་རྭ་སྟོད་གྲྭ་ཚང་དུ་སློབ་གཉེར་གནང། རྗེས་སུ་སེར་བྱེས་ཧྲེ་ཧོར་ཁང་ཚན་དུ་ཆོས་བཞུགས་གནང་པ་དང་།སློབ་གཉེར་གྱི་གནས་བབ་ལ་བརྟེན་ནས་འཛིན་གྲའི་སྐྱོར་དཔོན་དུ་བསྐོ་བཞག་གནང་འདུག། ༡༩༥༩ ལོར་ རྒྱ་གར་དུ་ཕེབས་ནས་སྦག་ས་ཆོས་སྒར་དང་སྦེལ་ཀོབ་སེར་བྱེས་ཆོས་སྒར་དུ་གཞུང་ བཀའ་པོད་ལྔ་ལ་གསན་བསམ་མཐར་ཕྱིན་གནང་འབྲས་སུ་་དགེ་བཤེས་དམ་འཇོག་གནང་ཞིང་། ལོ་མང་རིང་གྲྭ་ཚང་གི་སྲི་ཞུ་ཐད་ལས་དོན་འདྲ་མིན་གནང་མྱོང་ཡོད་པ་དང་།སྔ་ཕྱིར་ལན་མང་་ དགེ་བཤེས་མཆོག་ཕྱི་རྒྱལ་དུ་ཕེབས་རྒྱུའི་གོ་སྐབས་རྙེད་ཀྱང་གཏན་ནས་ཕེབས་མེད་ པ་མ་ཟད།འཚོ་བ་ཡང་མཐའ་གཉིས་སུ་མ་ལྷུང་བའི་ངང་གྲྭ་རྐྱང་དཀྱུས་མའི་ཚུལ་དུ་ བཞུགས་པར་སྤྲོ་ཞིང་།དུས་རྟག་ཏུ་ཞལ་འདོན་དང་སྒོམ་སྒྲུབ་ཉམས་ལེན་རྒྱུན་མར་ གནང་ནས་བཞུགས་ཀྱི་ཡོད་པ་རེད། ཉེ་ཆར་ཟླ་འདིའི་ཚེས་༡༨ ཉིན་སྙུང་གཞི་ཞིག་གི་རྐྱེན་པས་དགོངས་པ་རྫོགས་ནས་ཉིན་༡༥་ཕྱིན་་ཟིན་ན་ཡང་ད་ དུང་ཐུགས་དམ་ལ་བཞུགས་ཡོད་འདུག་
གནས་སྟངས་འདི་ཡིས་་ནང་པ་སངས་རྒྱས་པའི་ཆོས་ཀྱི་ངོ་མཚར་ བའི་གསང་བ་གང་ཞིག་འགྲེལ་བརྗོད་གནང་ཡོད་པ་རེད།