ཆུང་འདྲིས་བྱམས་པ།

 

 

སྔོ་ལྗང་རྩྭ་ཐང་སྟེང་དུ། །ཆུང་འདྲིས་ང་གཉིས་འཛོམས་སོང་། །

བརྩེ་སེམས་ཆུ་དང་འོ་མ། །བསམ་པའི་གཏིང་ནས་འདྲེས་སོང་། །

 

ཆུང་འདྲིས་བྱམས་པ་ཁྱེད་རང་། །ལན་རེ་མེད་པའི་དུས་ལ། །

བུ་ཆུང་ང་ཡི་སེམས་པ། །སྐྱིད་པོ་ལ་ནས་མི་འདུག །

 

སེམས་ཀྱི་ལྷ་མོ་ཁྱེད་རང། །མེ་ཏོག་ལས་ཀྱང་མཛེས་པས། །

ཚེ་གཅིག་གཏན་གྲོགས་བྱུང་ན། །བུ་ངའི་བསམ་དོན་འགྲུབ་པ། །