གསར་དུ་སྐད་གྲགས་ཆོད་པའི་གླུ་མ་དབང་མོ།

དེ་ནི་ཁོ་མོའི་ཆེད་སྒྲིག་བརྙན་འཁོར་ཐོག་མ་མངགས་ཉོ་སྐུལ་སློང་འཁྲབ་སྟོན་དེ་ཟླ་འདིའི་ཚེས་༡༧ ཉིན་གྱི་ཕྱི་དྲོ་པེ་ཅིན་གྲོང་ཁྱེར་གྱི་བཟོ་པའི་ལུས་རྩལ་ཁང་གི་ནུབ་སྒོ་ནས་འཚོག་རྒྱུ་རེད་འདུག དེའི་སྐབས་སུ་མིང་དུ་གྲགས་པའི་རོལ་མོ་སྒྲིག་སྦྱོར་བ་ཀྲང་མུའུ་དབྱིས་ཡང་གླུ་མ་དབང་མོར་རྒྱབ་སྐྱོར་བྱེད་པར་ཡོང་རྒྱུ་རེད་ཟེར། 

ལོ་གཅིག་རིང་གི་གྲ་སྒྲིག་ཞིབ་ཚགས་བྱས་པ་བརྒྱུད། དབང་མོའི་ཆེད་སྒྲིག་བརྙན་འཁོར་གསར་པ«ང་ཚོའི་ཁ་སང་གི་མཛེས་སྡུག»ཅེས་པ་ཉེ་ལམ་ཚོང་རར་འགྲེམ་སྤེལ་བྱ་རྩིས་ཡོད་ལ། དེ་ནི་དབང་མོ་རང་གི་ཆེས་ཐོག་མའི་ཆེད་སྒྲིག་བརྙན་འཁོར་གསར་པ་ཐོག་མ་རེད། ཆེད་སྒྲིག་བརྙན་འཁོར་འདིའི་ནང་བསྡོམས་པས་གཞས་བཅུ་གསུམ་བདམས་ཡོད་ལ། དེ་ལས་ཁྱད་ཆོས་ཅན་གྱི་གཞས་ཤིག་ཡོད་པ་ནི་ཁོ་མོས་བོད་སྐད་ཀྱིས་བཤད་ལེན་བྱས་པའི་གཞས་དེ་རེད།

wangmo-1wangmo123དབང་མོས་སྐྱ་ཀ་རོལ་མོ་བཟོ་ཚོང་ཁང་ལ་མིང་རྟགས་བཀོད་ཚུན་དུ། ཁོ་མོའི་རོལ་མོ་སྒྱུ་རྩལ་འཚོལ་སྙེག་གི་མདུན་ལམ་སྔར་ལས་ཡངས་ཤིང་རྒྱ་ཆེ་བར་གྱུར། དབང་མོས་བཤད་པ་ལྟར་ན། འདི་ལྟའི་ཡར་ཐོན་ལྡན་པའི་ཀུང་སི་ཞིག་གི་ནང་ནས་ངའི་འགན་ཁུར་ནི་རྒྱུན་ཆད་མེད་པར་རོལ་མོའི་བརྩམས་ཆོས་གསར་པ་གསར་རྩོམ་བྱ་རྒྱུ་དེ་ཡིན་པས། ངའི་ཁྱད་གཤིས་མི་འདྲ་བའི་རོལ་མོ་སྣ་ཚོགས་ལ་བློ་སྦྱོང་དང་ཚོད་ལྟ་བྱ་ངེས་ལ། ངའི་རང་གི་ཆེས་སྙན་པའི་མགྲིན་ངག་བདེ་མོ་དེ་རྣམ་པ་ཀུན་དུ་རང་ལ་རྒྱབ་སྐྱོར་དང་སེམས་ཁུར་བྱ་མཁན་གྱི་གྲོགས་པོ་ཚོར་འབུལ་རྒྱུ་ཡིན་ཞེས་ཀྱང་བཤད་འདུག །