མ་འོང་པའི་སྤྱི་འཐུས

འདི་ལྟ་བུ་ཞིག་བཙན་བྱོལ་བོད་མིའི་འོས་བསྡུས་བརྒྱུད་རིམ་གྱི་ནང་དུ་བྱུང་མ་མྱོང་བའི་ལོ་རྒྱུས་གསར་པ་ཞིག་ལ་ངོས་བྱེད་ཆོག།དེ་ནི་བཙན་བྱོལ་བོད་མི་ཚོ་ལ་གློ་བུར་དུ་མང་གཙོའི་ཤེས་བྱའི་སྐོར་གྱི་ཤེས་ཚད་གོང་མཐོར་དུ་སོང་བ་ཞིག་མིན་པར་རྐྱེན་གཞན་ཞིག་ལ་བརྟེན་ནས་བྱུང་བ་བརྗོད་ཐུབ། རྐྱེན་དེ་ནི་སྔ་ལོའི་གྲོས་ཚོགས་ཐེངས་བརྒྱད་པའི་སྐབས་སུ་ལྷགས་པའི་རྩོད་གླེང་

དེ་ཡིན་པར་བརྗོད་མི་དགོས་པ་ཞིག་རེད།

རྒྱུ་མཚན་ནི། རྩོད་གླེང་དེ་མ་བྱུང་བའི་ཡར་སྔོན་ལ་མང་ཚོགས་སྤྱི་བྱིངས་ཀྱི་ནང་དུ་ཁྲིམས་བཟོ་ལྷན་ཁང་གི་ནང་དུ་འཐུས་མི་ག་ཚོད་ཡོད་མེད་དང། ལས་དོན་གཙོ་བོ་གང་བྱེད་ཀྱི་ཡོད་མེད་ཙམ་ཡང་མི་ཤེས་མཁན་ནི་གྲངས་ཀྱིས་མ་ལངས་པར་བརྗོད་ཐུབ། དེ་ནས་རྐྱེན་ངན་གྲོགས་ཤར་གྱི་དཔེ་ལྟར་ཁྲིམས་བཟོ་ལྷན་ཁན་ཁང་གི་འཐུས་མིའི་སྐོར་ལ་ཧ་ཅང་གིས་དོ་འཁུར་དང། རྒྱུས་མངའ་།   གསལ་རྟོགས་བཅས་བྱུང་འདུག།དེར་བརྟེན་མང་ཚོགས་ནང་དང། ཚོགས་སྡེ་འདྲ་མིན་བཅས་ཀྱིས་ཧ་ཅང་གིས་སྐྱོན་བརྗོད་དང་།

འབྱུང་འགྱུར་གྱི་འཐུས་མི་ཚོ་དེ་ལས་ཡག་པ་འཇོན་ཐང་ཆེན་པོ་དང། གཟུ་བོར་གནས་པ་བཅས་ཀྱི་འཐུས་མི་བཅས་འདེམས་བསྒྲུག་དགོས་བྱེད་དགོས་ཞེས་རྒྱ་ཁྱབ་ཡོངས་གྲགས་ལ་ལས་འགུལ་འདྲ་མིན་ཇི་སྙད་ཅིག་སྤེལ་དང་སྤེལ་བཞིན་ཡོད།

དེའི་ནང་ནས་དཔེ་མཚོན་ཞིག་གླེང་ན་།    བོད་རྒྱལ་ཡོངས་མང་གཙོ་ཚོགས་པས་སྤྱི་ལོ་ ༢༠༡༠

སྤྱི་ཟླ་ ༣ པའི་ ཚེས་ ༢༧ ནས་༢༨ བར་ཚོགས་འདུ་བྱས་ནས་ཆོལ་གསུམ་གྱི་འཐུས་མི་འདེམས་བསྒྲུགས་བྱས་ཡོད།    འདེམས་བསྒྲུགས་ཟིན་པའི་འཐུས་མིའི་འོས་གཞི་དེ་དག་ནི་ད་ཡོད་ཀྱི་འཐུས་མི་དག་ལས་སྤུས་ཀ་ཡག་བ་ཞིག་ཡོང་དགོས་པར་ནི་བརྗོད་མི་དགོས་པ་ཞིག་རེད།    ཅིའི་ཕྱིར་ཞེ་ན། ད་ཡོད་ཀྱི་འཐུས་མི་དག་ལ་ཧ་ཅང་གི་བརྗོད་བྱེད་ཡོད་པས་རེད། སྐབས་འདིར་ད་ཡོད་ཀྱི་འཐུས་མི་དག་ལ་གང་བརྗོད་པའི་སྐྱོན་དེ་ཅུང་ཟད་གླེང་ན། དེ་ནི་སྔ་ལོའི་གྲོས་ཐེང་བརྒྱད་པ་དེ་མཇུག་བསྡོམས་རྒྱགས་མ་ཐུབ་པ་དེ་གཙོ་བོར་གླེང་གི་འདུག།    ངས་བསྟས་ན་གནད་འདི་ནི་ཅུང་ཟད་གཏིང་ཟབ་ཞིག་མངོན་ཐུབ་ཀྱི་ འདུག།གང་ཞེ་ན།    སྐབས་དེའི་རྩོད་གླེང་ཉན་ན་གསལ་པོར་རྟོགས་ཐུབ། དེ་ཡང་འདི་ནི་སྐབས་དེར་གློ་བུར་དུ་བྱུང་བའི་རྩོད་གླེང་ཞིག་མིན་པར་ནི་སྤྱི་ལོ་༢༠༠༦ སྤྱི་ཟླ་ ༥ པའི་ ཚེས་ ༣༠ ཉིན་གྲོས་ཚོགས་ཀྱི་ཚོགས་གཙོའི་འོས་བསྡུས་བརྒྱུད་རིམ་གྱི་ནས་གསལ་པོ་ཤེས་རྟོགས་ཐུབ་པ་ཞིག་རེད།དེ་ལས་ཀྱང་སྐྱོན་བརྗོད་ཆེ་བ་ཞིག་ནི།    ཕྱི་ལོ་ ༢༠༠༦  ཕྱི་ཟླ་ ༥ པའི་གྲོས་ཚོགས་སུ་བཀའ་བློན་ཁྲི་པས་ཕྱག་སྦྲེལ་བཀའ་བློན་རྣམས་པའི་འོས་མིག་གྲོས་ཚོགས་སུ་ཕུལ་སྐབས་འོས་མི་ཆ་ཚང་ལ་དགགས་བྱ་བྱས་ཡོད།    དེ་ལ་བརྟེན་ནས་བཀའ་ཟུར་བློ་བཟང་སྙན་གྲགས་བཀའ་བློན་ལ་འདེམས་བསྐོ་ཐུབ་མེད་བྱུང་རིམ་དེ་དག་ནི་ཁྲིམས་བཟོ་ལྷན་ཁང་གི་འཐུས་མི་བློ་གཟུ་བོར་གནས་མ་ཐུབ་པའི་རྐྱེན་གྱིས་བྱུང་འདུག།     འདིའི་སྐོར་དེ་ལ་བཀའ་ཁྲིས་འདི་ལྟར་གསུངས་ཡོད།

༼  དགག་བྱ་དེ་ལ་གྲོས་ཀྱིས་ངོས་བཞེས་གནང་བ་དེ་ནི་།   ལྷ་བདུད་དུ་བབས་དང། སྨན་དུག་ཏུ་སོང་བའི་ངང་ཚུལ་ཞིག་དང།   བཅའ་ཁྲིམས་ལེའུ་བཞི་པའི་དོན་མཚན་ཉེར་གཅིག་པའི་ནང་གསེས་གསུམ་པ་དང་དོན་ཚན་ཉེར་གཉིས་པ་བཅས་ལ་ཐུགས་སྣང་མ་གནང་བ་དེ་ཧ་ཅང་གི་ཡ་མཚན་རེད་ཅེས་གསུང་ཡོད།  ༽

ཡིན་ན་ཡང་མང་གཙོ་ཚོགས་པས་ད་རེས་དངོས་སུ་འོས་གཞི་གསར་པ་ཉེར་གཅིག་གི་མིང་དང་པར་མཚོན་ཁྲ་ཅན་དེ་དག་དངོས་སུ་གསལ་བསྒྲགས་བྱས་ཡོང་དུས་ད་བར་དུ་སྐྱོན་བརྗོད་བྱས་པའི་ད་ཡོད་ཀྱི་འཐུས་མིའི་བརྒྱ་ཆ་ཕྱེད་ཀ་ཙམ་ཟིན་འདུག། དེས་ན་ད་རེས་མང་གཙོ་ཚོགས་པས་གསལ་བསྒྲགས་བྱས་པའི་འོས་མིག་ཉེར་ གཅིག་པོ་དེ་ལ་འབྱུང་འགྱུར་གྲོས་ཚོགས་ཀྱི་རྐུབ་སྟེགས་ཐོ བ་པ་ཡིན་ན་།    ལས་འགན་ནི་ཧ་ཅང་གི་གསལ་པོ་ཞིག་རེད་སྙམ་།    དེ་ནི་ཆ་རྐྱེན་གཉིས་ཏེ་༼ མང་གཙོའི་སྐོར་ལ་གྲོས་ཚོགས་སུ་བགྲོ་གླེང་བྱུང་ན་དགག་བྱ་མི་ཆོག་པ་དང། ༽  ༼གཉིས་མང་གཙོ་ཚོགས་པའི་ཚོགས་འདུ་ལ་བཅར་དགོས་པ་༽    དེ་གཉིས་ཀྱི་རྒྱབ་ལྗོངས་ལ་དཔྱད་ན་གསལ་པོ་བརྗོད་ཐུབ་དེ་ནི་།   མང་གཙོ་ཚོགས་པའི་ལྟ་བ་ནི་བོད་རང་བཙན་དང།   ད་ཡོད་ཀྱི་སྤྱི་འཐུས་བཅོས་བསྒྱུར་འགྲོ་དགོས་པའི་ལམ་ཕྱོགས་འཛིན་མཁན་ཞིག་མཐོང་ཐུབ།     འདི་ཙམ་མ་གཏོགས་པའི་སྡེ་མཚན་མང་པོའི་ནང་དུ་བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་ལེའུ་ལྔ་པའི་དོན་ཚན་སོ་བདུན་པའི་ཆ་རྐྱེན་གྱི་འོག་ཏུ་འོས་བསྡུ་འགྲོ་དང་འགྲོ་བཞིན་པ་དེ་ལ་མི་འདོད་པའི་རྣམ་འགྱུར་འཛིན་མཁན་ཧ་ཅང་གི་མང་ཞིང་།   ད་དུང་བཅའ་ཁྲིམས་ཀྱི་ཆ་རྐྱེན་དེའི་འོག་ཏུ་ཡོད་པའི་ཆོས་རྒྱུད་ཁག་གི་འཐུས་མི་ལ་དེ་བས་ཀྱང་ནི་ཚོར་བ་རྣོན་པོས་མི་འདོད་པའི་ཕྱོགས་འཛིན་མཁན་ནི་འགོ་ནས་མཐའ་ཡི་བར་དུ་ཡོད།    འདིའི་སྐོར་ལ་སུས་ལབ་གླེང་བྱེད་ཀྱང་མང་གཙོ་དང་འབྲེལ་བའི་གནད་དོན་ཞིག་ལ་ངོས་འཛིན་བྱེད་ཐུབ།    དེ་ལྟ་ན་འོས་མི་ཉེར་གཅིག་པོ་དེ་འབྱུང་འགྱུར་གྲོས་ཚོགས་སུ་སླེབས་ཐུབ་ན་བཅའ་ཁྲིམས་ལེའུ་ལྔ་པའི་དོན་ཚན་སོ་བདུན་གྱི་ཆ་རྐྱེན་ཁག་ལ་འགྱུར་བ་གཏང་ཐུབ་སྲིད་། རྒྱུ་མཚན་ནི་ཧ་ཅང་གི་གསལ་པོ་རེད་། འདིའི་སྐོར་གྲོས་ཚོགས་སུ་བགྲོ་གླེང་བྱུང་ན་འཐུས་མི་ཉེར་གཅིག་པོ་དེ་དག་གིས་ དེ་ལ་དགག་བྱེད་ནུས་ཀྱི་མ་རེད་།    དེ་ནི་མང་གཙོའི་སྐོར་གྱི་བགྲོ་གླེང་ཡིན་ཞིང།    གལ་ཏེ་དེ་ལ་དགག་བྱ་བྱེད་ན་འཐུས་མི་དེ་གྲོས་ཚོགས་ཀྱི་རྐུབ་སྟེག་ཏུ་ཡུན་རིང་ བརྟན་གྱི་མ་རེད་།   མང་གཙོའི་ལམ་གསོལ་གྱི་ནང་དུ་གསལ་པོ་ཡོད་དེ་ནི་ཚོགས་པ་གང་གི་ཁོངས་སུ་འོས་ གཞིར་ལངས་པའི་ཚོགས་པ་དེའི་ཆ་རྐྱེན་དག་ཁས་ལེན་དང།    ཚོགས་པ་དེ་དག་གི་འོས་མི་དེའི་ཆེད་དུ་འགྲོ་སོང་འཕངས་མེད་བཏང་ཞིང་དཀའ་ལས་ལ་ཇི་སྙམ་པའི་དུས་ཚོད་བཏང་ཟིན་པས་རང་གི་ཁོངས་ནས་བཏོན་པའི་འཐུས་མི་དག་གིས་མ་འགྲིག་ན་གྲོས་ཚོགས་ཀྱི་ར་བ་ལས་ཕྱི་འཐེན་བྱེད་པའི་ཆ་རྐྱེན་དང། དབང་ཚད་།  ནུས་ཤུགས་བཅས་ཡོད་རེད་།  མདོར་ན་ཤེས་དགོས་པ་དེ་ནི།   དེང་གི་སྐབས་སུ་ཚོགས་སྡེ་འདྲ་མིན་ཇི་སྙད་ཅིག་ ནས་འཐུས་མིའི་འོས་གཞི་བཏོན་དང་གཏོན་བཞིན་པ་བཅས་ཀྱི་རྒྱབ་ལྗོངས་འཚོལ་ཞིབ་བྱེད་དགོས་པ་ནི་གནད་ཀྱི་དམ་པ་དེ་རེད་།    མཐའ་དོན་ནི་ད་བར་དུ་འབྱུང་འགྱུར་ གྱི་འཐུས་མི་དེ་དག་ད་ཡོད་ཀྱི་འཐུས་མི་ལས་སྤུས་ཚད་མཐོ་བ་དགོས་སྐོར་རྒྱ་གྲགས་བོད་གྲགས་ག་ཚོད་ཅིག་བྱས་ཀྱང་ད་ལྟའི་གནས་སྟངས་དཔྱད་ན་འབྱུང་འགྱུར་གྱི་འཐུས་མི་ཞེ་གསུམ་པོ་དེ་དག་སྟེང་ལྷ་ཡི་ཡུལ་དང།   ཡང་ན་འོག་ཀླུ་ཡི་ཡུལ་ནས་གདན་དྲང་ན་ལས་ད་ཡོད་འཐུས་མི་དག་ལས་ཁྱད་པ་འབྱེད་རྒྱུ་ཡོད་པའི་འཐུས་མི་ཞིག་ད་བར་སུས་ཀྱང་རྙེད་མ་སོང་ལ་མ་འོངས་པ་ཡང་རྙེད་མི་སྲིད་དོ།།