ཨ་རིའི་བུ་མོ་ཆུང་ཆུང་གིས་ཁྲོམ་གཞུང་ནས་ཆུ་སྐྱུར་མོ་བཙོང་ནས་ཕྱིར་ཕུད།
ཁྲོམ་གཞུང་དུ་ཡོད་པའི་མི་རྣམས་ཀྱིས་མཐོང་རྗེས་གནས་ཚུལ་དེ་དྲ་ལམ་དུ་བཀོད་པར་བརྟེན།་གསར་འགོད་པས་གཅིག་རྗེས་གཉིས་མཐུད་ཀྱིས་དེའི་སྐོར་བཅར་འདྲི་བྱས་པ་དང།CNNགསར་འགྱུར་གྱིས་དྲ་ལམ་གྱི་གནས་ཚུལ་དེ་འཛམ་གླིང་ཡོངས་ལ་ཁྱབ་བསྒྲགས་བྱས་རྗེས།་ཨ་རིའི་མི་རྣམས་ཀྱིས་དེར་ཧ་ཅང་མི་དགའ་བའི་རྣམ་འགྱུར་བཏོན་པ་རེད།་ས་ཁུལ་སྲིད་གཞུང་གི་དཔོན་པོས་བུ་མོ་མའོ་ལི་སར་བཅར་ནས་དགོངས་གསོལ་ཡང་ཞུས་ཡོད་པ་རེད།གནས་ཚུལ་དེ་དྲ་ལམ་ཁག་དང་རྒྱ་ནག་གསར་འགྱུར་སྡེ་ཚན་སྣ་ཚོགས་ཀྱིས་མུ་མཐུད་ཁྱབ་བསྒྲགས་བྱས་པར་བརྟེན།གནས་ཚུལ་དེ་རྒྱ་ནག་ལའང་ཁྱབ་ཡོད་པ་དང།་དྲ་ལམ་འགའ་རེས་ཆུ་སྐྱུར་མོ་བཙོང་མཁན་གྱི་བུ་མོ་ཆུང་ཆུང་དེས་རྒྱ་ནག་ལ་སེམས་འགུལ་ཐེབས་བཅུག་པ།་ཞེས་པའི་བརྗོད་གཞི་དང།་དངོས་སྒྲུང་དེ་ནི་རྒྱ་ནག་གྲོང་ཁྱེར་དོ་དམ་སྡེ་ཚན་གྱི་ངེས་པར་དུ་བསླབ་བྱ་ལེན་དགོས་པའི་ཕྱོགས།་ཡིན་ལུགས་ཀྱི་བརྗོད་བྱ་དེ་འདྲའང་བེད་སྤྱོད་དེ་གནས་ཚུལ་བཀོད་ཡོད་པ་རེད།
ཇཱ་པན་ནང་རྒྱ་ཡིག་གསར་འགྱུར་རྒྱུད་ལམ་ཁག་ཅིག་གིས་གནས་ཚུལ་དེའི་སྐོར་འདི་ལྟར་བྲིས་ཡོད་དེ།་གནས་ཚུལ་དེས་རྒྱ་ནག་ལ་སེམས་འགུལ་ཐེབས་དགོས་པ་དང།་རྒྱ་ནག་མི་དམངས་ལ་སེམས་འགུལ་དང་དྲ་ལམ་མྱུར་མཁན་ཚོས་དོ་སྣང་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་ཟེར་ན།་གནས་ཚུལ་དེ་བྱུང་བའི་རྒྱུད་རིམ་ཁྲོད།་ཁྱོད་ཀྱིས་དམངས་གཙོ་རྒྱལ་ཁབ་ཨ་རིའི་སྤྱི་ཚོགས་ཀྱི་བཤད་གླེང་དང་མི་དམངས་ཀྱི་བསམ་ཚུལ་དེ་དག་གིས་སྲིད་གཞུང་སོགས་ཀྱི་སྤྱིའི་དབང་ཆར་སྟངས་འཛིན་གྱི་ནུས་ཤུགས་དེ་རྟོགས་ཐུབ།་སྤྱི་ཚོགས་འདི་འདྲའི་ནང་སྒྲིག་སྲོལ་འདི་འདྲ་ཞིག་ཡོད་པ་དང།་དམངས་ཀྱིས་འོས་འདེམས་བྱས་པའི་དཔོན་པོ་དེ་དག་གིས་དམངས་ཀྱི་བསམ་ཚུལ་དང་གླེང་ཕྱོགས་ཉན་རྗེས།་ཁོ་ཚོས་ཁོ་ཚོ་འོས་འདེམས་བྱས་པའི་མི་དམངས་རྣམས་ཀྱི་ཁེ་ཕན་ལ་བསམ་བློ་གཏོང་དགོས་པར་བརྟེན།་དཔོན་པོ་དེ་དག་ཕྱིར་དོན་ནས་དེ་འབྲེལ་མི་སྣར་དགོངས་གསོལ་ཞུ་བ་དང།་གནད་དོན་དེ་ཐག་གཅོད་བྱ་སྲིད་པ་དེ་རེད།་ཅེས་འཁོད་ཡོད།
བུ་མོ་མའོ་ལི་ལ་འཕྲོད་བསྟན་ལག་འཁྱེར་མེད་པར་བདེན་པ་རེད།་དོ་དམ་པ་དེ་ཚོས་ཀྱང་དེའི་སྐོར་གྱི་སྒྲིག་ཁྲིམས་ལག་བསྟར་བྱེད་བཞིན་པའང་བདེན་པ་རེད།་འོ་ན་ཨ་རིའི་མི་དམངས་མང་པོས་ཁ་གཅིག་མཐུན་གྱིས་བུ་མོ་མའོ་ལིར་རྒྱབ་སྐྱོར་བྱེད་དགོས་པའི་རྒྱུ་མཚན་ག་རེ་ཡིན་ནམ།ཁ་ཅིག་གིས་བཤད་སྲོལ་ལྟར་ན།་གསར་འགྱུར་རྒྱུད་ལམ་གྱི་དམིགས་ཡུལ་དེ་ཧ་ཅང་སྟབས་བདེ་ཞིག་རེད།ཨ་རིའི་སྤྱི་ཚོགས་ཀྱི་རིན་ཐང་ནི་གཙོ་བོ་རྨང་གཞི་འདིའི་ཐོག་ནས་གནས་ཚུལ་དེར་བསམ་བློ་གཏོང་བ་ལས།་ཁོ་ཚོས་ཁྱོད་ཀྱིས་སྒྲིག་སྲོལ་ལྟར་བྱ་བ་བསྒྲུབ་ཀྱི་ཡོད་མེད་སྐོར་བསམ་བློ་གཏོང་དགོས་ཀྱི་མ་རེད།ཅེས་བཤད་ཡོད་པ་རེད།
དེ་རྗེས་བུ་མོ་མའོ་ལི་ཁྲོམ་གཞུང་གཞན་ཞིག་གིས་གདན་འདྲེན་ཞུས་ཏེ་དེར་ཚོང་ཁྲོམ་བཏོན་ཡོད་པ་རེད།་མི་མང་པོས་མའོ་ལིར་རྒྱབ་སྐྱོར་ཡོང་ཆེད།་དམིགས་སུ་བཀལ་ནས་བུ་མོ་མའོ་ལིའི་ཚོང་ཁྲོམ་ནས་ཆུ་སྐྱུར་མོ་ཉོས་པ་དང།་ལ་ལས་ཆུ་སྐྱུར་མོ་ཤེལ་དམ་གཅིག་ལ་ཨ་སྒོར་༡༠༠ཙམ་སྦྱིན་ཡོད་སྟབས།་ཉིན་མ་གཅིག་ནང་མའོ་ལིས་ཏཱི་ཧྲི་ཉིའི་རྩེད་རྭ་ཆེན་མོར་ལྟད་མོ་ལྟ་བར་འགྲོ་ཆོག་པའི་འཛིན་བྱང་ལ་ཨ་སྒོར་༡༨༣༨བསགས་ཐུབ་པ་བྱུང་ཡོད།
བུ་མོ་མའོ་ལི་དང་མོའི་ཨ་མ་གཉིས་རྩེད་རྭ་ཆེན་མོར་སྤྲོ་བ་འཕེལ་བཞིན་པའི་སྐབས་དེར།་མཐའ་མཇུག་གི་གཟའ་ཕུར་བུ།་ཞེས་པའི་ཚོང་ཁྲོམ་ཐོག་ཆུ་སྐྱུར་མོའི་འོས་ལངས་ཅེས་པའི་ལས་འགུལ་ཞིག་སྤེལ་བཞིན་པ་དང།་མི་མང་པོས་ལག་འཁྱེར་མི་དགོས་པའི་ཐོག་ནས་ཆུ་སྐྱུར་མོ་ཉོ་བཞིན་པ་དང།་བུ་མོ་མའོ་ལི་ཚོང་ཁྲོམ་ནས་ཕྱིར་ཕུད་བཏང་བར་ངོ་རྒོལ་བྱས་པ་མ་ཟད།་དེ་མིན་མི་རྣམས་ཀྱིས་དེར་ཡོད་ཉེས་རྟོག་པར་ཁ་གཏད་ལངས་པའི་གནས་ཚུལ་ཡང་བྱུང་ཡོད་པ་རེད།་
སྟབས་ལེགས་པ་ཞིག་ལ།་འོས་ལངས་ཅེས་པ་རྒྱ་ཁྱབ་སོང་མེད་པ་རེད།་གང་ཡིན་ཟེར་ན།ས་ཁུལ་གྲོང་ཁྱེར་རང་གི་འགོ་ཁྲིད་ཀྱིས་ལས་འགུལ་བ་རྣམས་ལ་གནས་ཚུལ་དེ་དང་འབྲེལ་བའི་སྒྲིག་སྲོལ་གསར་བཟོ་བྱ་རྒྱུར་ཁེས་ལེན་བྱས་པ་དང།་ཕྲུ་གུ་ཆུང་ཆུང་གིས་ཆུ་སྐྱུར་མོ་ཉོ་བའི་གནས་ཚུལ་དེ་དག་ལ་བསམ་གཞིགས་བྱ་རྒྱུའི་ཐག་གཅོད་བྱས་པས་ཡིན།
གོང་གསལ་ནི་ཨེ་ཤེ་ཡའི་གློག་འཕྲིན་རྒྱ་ཡིག་སྡེ་ཚན་གྱི་གདན་ཞུའི་གསར་འགོད་པ་CKཡིས་བཏང་བའི་གནས་ཚུལ་རེད།
