རྒྱ་རི་སྒྲོལ་མའི་ལོ་རྒྱུས་སྙིང་བསྡུས།

 

མཐོ་སློབ་སློབ་སྦྱོང་ཕྱི་ལོ་ ༡༩༨༡ ནས་ ༡༩༨༥ བར་ཅན་རྡི་སྒར་མཐོ་སློབ་ནས་སློབ་ཚན་སྲིད་དོན་མཚན་རིག་(Political Science)གཙོ་བོར་གྱུར་པའི་མཐོ་སློབ་ཐོན། ༡༩༨༥ ནས་ ༡༩༨༨ བར་ལྡི་ལི་གཙུག་ལག་སློབ་གཉེར་ཆེན་མོ་རུ་རྒྱ་གར་དང་རྒྱལ་སྤྱིའི་ཁྲིམས་ཀྱི་སློབ་སྦྱོང༌།

ལས་ཀའི་ཉམས་མྱོང༌། གཞི་རིམ་སློབ་གྲྭའི་སྐབས་རྒན་བདག་གི་འགན་ཁུར་དང་ལྷག་པར་གཏན་སློབ་ནང་ཉམས་ཐག་དང་དྭ་ཕྲུག་སློབ་གཉེར་བ་མང་དག་ཅིག་ཡོད་པའི་སློབ་ཕྲུག་སྤྱི་ཚོགས་ཞབས་ཞུའི་ཚོགས་པ་གསར་འཛུགས་དང་དེའེ་ཚོགས་གཙོར་འོས་འདེམས་བྱུང་བ་ལྟར་སློབ་གྲྭ་མ་ཐོན་པར་འགན་ཁུར་ཞུས།

སློབ་གྲྭའི་སྐབས་འཛིན་རིམ་སོ་སོའི་ནང་ཨང་ཀི་མཐོ་ཤོས་ལེན་མཁན་གྲས་ཡིན་པར་མ་ཟད། བོད་གཞུང་ཤེས་རིག་ལས་ཁུངས་ནས་སློབ་ཕྲུག་ཡག་ཤོས་ཀྱི་གཟེངས་རྟགས་ཐོབ་མྱོང༌།

ཕྱི་ལོ་ ༡༩༨༠་་་༨༡ ལོར་རྡོར་གླིང་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སློབ་གྲྭའི་སྐུ་ཚབ་ཀྱི་འགན་ཁུར་ཞུས།

ཕྱི་ལོ་ ༡༩༨༡ ལོར་རང་ལོ་བཅུ་དྲུག་སོན་པ་དང་ཅན་སྒར་ས་གནས་གཞོན་ནུའི་ཟུང་འབྲེལ་དྲུང་ཆེར་འོས་འདེམས་བྱུང་རྗེས་སྤྱི་ཚོགས་བདེ་དོན་ཚོགས་ཆུང་ནང་འགན་འཁུར་ཞུ་སྐབས་པན་ཇབ་(Punjab)མཐོ་སློབ་ཏུ་བོད་ཀྱི་གནད་དོན་ངོ་སྤྲོད་རྒྱབ་སྐྱོར་ཡོང་ཐབས་དང་རིག་གཞུང་ངོ་སྤྲོད་བཅས་ཀྱི་ལས་འགུལ་མང་དག་སྤེལ།

ཕྱི་ལོ་ ༡༩༨༢ ལོར་པཎ་ཇབ་གཙུག་ལག་སློབ་གཉེར་ཁང་གི་ཕྱི་རྒྱལ་བུད་མེད་སྡེ་ཚན་གྱི་ཚོགས་གཙོ་དང་ཅན་སྒར་བུད་མེད་མཐོ་སློབ་ཀྱི་ཕྱི་རྒྱལ་སློབ་གཉེར་ཚོགས་པའི་ཚོགས་གཙོའི་འགན་ཁུར་ཞུས། ཕྱི་རྒྱལ་སློབ་ཕྲུག་ནང་ཁུལ་བོད་དོན་དང་འབྲེལ་བའི་སྐོར་བགྲོ་གླེང་ལྷུག་པོ་ཡོང་སླད་ལྷན་འཛོམས་མང་དག་ཅིག་གོ་སྒྲིག་ཞུ་རྒྱུའི་གོ་སྐབས་བཟང་པོ་ཐོབ། དེ་བཞིན་ཕྱི་རྒྱལ་སློབ་ཕྲུག་ཁག་ནང་ཁུལ་བོད་དང་རྒྱ་གཉིས་རྒྱལ་ཁབ་ཐ་དད་ཡིན་པའི་ར་སྤྲོད་བྱ་རྒྱུའི་གོ་སྐབས་ཐོབ།

ཕྱི་ལོ་ ༡༩༨༤ ལོར་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་ཉི་ཤུ་རྩ་ལྔ་ཧྲིལ་བོ་འཁོར་བའི་སྐབས་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དུ་བུད་མེད་སྡེ་ཚན་གྱི་འགན་ཁུར་བར་བསྐོ་གཞག་གིས་ལྕམ་སྐུ་ཨ་མ་ཁྲ་རིང་ལགས་གཙོས་པའི་བོད་ཀྱི་བུད་མེད་དབུ་ཁྲིད་རྣམས་ལྷན་རྒྱ་གར་རྒྱལ་ས་ལྡི་ལིར་བོད་ཀྱི་བུད་མེད་སྒེར་ལངས་ཉིན་ལས་འགུལ་གཞི་རྒྱ་ཆེ་བའི་ནང་མཉམ་ཞུགས་དང་འགན་ཁུར་ཞུས་པ་དང༌། ད་བར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ལས་འཆར་ཁག་ལ་རྒྱབ་སྐྱོར་དང་མཉམ་ཞུགས་ཞུ་མུས་ཡིན།

ཕྱི་ལོ་ ༡༩༨༦་་་༨༩ ལོར་བོད་ཀྱི་གཞོན་ནུའི་དབུས་སྤྱི་ཁྱབ་རྒྱུན་ལས་པར་འོས་འདེམས་བྱུང་ཐོག་རིག་གཞུང་འགན་འཛིན་

ལས་འགན་ཞུས།

ཕྱི་ལོ་ ༡༩༨༩་་་་༩༡ བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་སུ་བསྐྱར་དུ་འོས་འདེམས་བྱུང་སྟེ་དྲིལ་བསྒྲགས་འགན་འཛིན་དང་དེ་རྗེས་ཟུང་འབྲེལ་དྲུང་ཆེའི་ལས་འགན་ཞུས།

བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཀྱི་འགན་འཁུར་སྐབས་བོད་དོན་དྲིལ་བསྒྲགས་སླད་ཕྱི་རྒྱལ་ཁག་ཏུ་བསྐྱོད་པ་མ་ཟད། རྒྱ་གར་འཕགས་པའི་ཡུལ་དུ་བོད་དོན་ཐོག་རྒྱབ་སྐྱོར་ཆེ་རུ་ཡོང་སླད་ཧི་མ་ལ་ཡ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཐོག་མར་དབུ་འཛུགས་སྐབས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་མཉམ་རུབ་ཀྱི་རྒྱ་གར་གྲོས་ཚོགས་སྲིད་དོན་ཚོགས་པ་ཁག རྒྱ་གར་ཆབ་སྲིད་ཚོགས་པའི་སློབ་ཕྲུག་དང་གཞོན་ནུ་སྡེ་ཚན་ཁག་མཉམ་འབྲེལ་བ་དམ་ཟབ་བྱ་རྒྱུ་ དང༌། ད་ཆ་དེ་སྐབས་ཀྱི་སློབ་ཕྲུག་དང་རྒྱ་གར་གཞོན་ནུ་ཚོགས་པ་ཁག་གི་དབུ་ཁྲིད་མང་དག་ཅིག་རྒྱ་གར་དབུས་ས་གཉིས་ཀྱི་དཔོན་རིགས་ལས་ཐོག་ཡིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་༡༩༨༦ དང་ ༡༩༨༧ བོད་ནང་ཞི་བའི་ལས་འགུལ་ཆེན་མོ་དང་རྒྱ་ནག་གཞུང་ནས་བོད་ཁུལ་དྲག་པོའི་ཁྲིམས་གཞིའི་འོག་དམ་བསྒྲགས་བྱེད་སྐབས་ལྷག་པར་དུ་བོད་ཀྱི་དཔའ་བོ་དཔའ་མོ་མང་དག་ཅིག་དམར་བསད་དང་འཛིན་བཟུང་བྱས་པར་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་གཙོས་འཛམ་གླིང་མི་མང་གིས་མཁྱེན་རྟོགས་ཡོང་སླད་དང༌། བོད་ནང་གི་མི་མང་མཉམ་གདུང་སེམས་མཉམ་བསྐྱེད། རྒྱ་ནག་གཞུང་གི་བཙོན་ཁང་ནང་ཡོད་པའི་བོད་མི་རྣམས་འཕྲལ་དུ་གློད་བཀྲོལ་ཡོང་སླད་ལས་འགུལ་མང་དག་ཅིག་སྤེལ་ཐུབ་ཡོད། ལས་འགུལ་ཁག་དང་འབྲེལ་རྒྱ་གར་བསྐོར་སྲུང་བས་ཐེངས་གྲངས་མེད་འཛིན་བཟུང་བྱས་པས་རྒྱ་གར་རྒྱལ་ས་ལྡི་ལིའི་བཙོན་ཁང་ནང་བདུན་ཕྲག་གཅིག་ལྷག་ཡང་བཀག་ཉར་བྱུང༌།

ཕྱི་ལོ་ ༡༩༨༦་་་༡༩༨༨ དེའི་སྐབས་རྒྱ་གར་བོད་དོན་རྒྱབ་སྐྱོར་བའི་ལྷན་རྒྱ་གར་སྲིད་གཞུང་དང༌། ལྷག་པར་རྒྱ་གར་གྲོས་ཚོགས་འཐུས་མི་མང་དག་ཅིག་ནས་བོད་དོན་ཐོག་རྒྱབ་སྐྱོར་གྱི་ས་རྟགས་བསྡུ་རུབ་ཞུས། ༡༩༩༠ ལོར་དམིགས་བསལ་ཚོགས་ཆེན་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྐུ་ཚབ་ཐོག་ཚོགས་བཅར་ཞུས། ལྡི་ལི་མཐོ་སློབ་ཏུ་རྒྱལ་སྤྱིའི་བོད་ཀྱི་གྲོགས་པོ་ཟེར་པའི་སྒྲིག་འཛུགས་གསར་འཛུགས་ཞུས། རྒྱལ་ཁབ་དང་མི་རིགས་གཞན་གྱི་བདེན་པའི་ལས་འགུལ་ནང་མཉམ་ཞུགས་ཀྱང་ཞུས་ཡོད། ལྷག་པར་ལྷོ་ཨ་ཕི་རི་ཀ་ནང་མི་རིགས་དབྱེ་འབྱེད་ངོ་རྒོལ་བྱེད་མཁན་གྱི་ཚོགས་པའི་འགན་འཁུར་ཞུས། ལྡི་ལི་བསམ་ཡས་གླིང་གཞིས་སྒར་གྱི་བརྒྱ་འཐུས་ངཎརྣཏྲདཎཕྲཎྤལྷན་མན་ཇུ་ཀྲི་ལའི་ས་གནས་སུ་རྒྱ་གར་སྲིད་བློན་སྐུ་ཞབས་ ངཎདདྲསྤྲ གཎརྣརྟདདྲ གཙོས་པའི་རྒྱ་གར་འབྲེལ་ཡོད་དབུ་ཁྲིད་རྣམས་ཀྱི་རྒྱབ་སྐྱོར་མཐུན་འགྱུར་འོག་ཁྲིམས་མཐུན་ཆུ་གློག་རག་ཐུབ་པ་བྱུང་ཡོད་པ་མ་ཟད། སྐབས་མཚམས་སྤྱི་ཚོགས་དང་འབྲེལ་བའི་ཞབས་ཞུ་གང་ཐུབ་ཞུས་ཡོད།

ཕྱི་ལོ་ ༡༩༩༡ ༡༩༩༦ ༢༠༠༡ ༢༠༠༦ བསྟུད་མར་སྐབས་བཞིའི་རིང་མདོ་སྟོད་སྤྱི་འཐུས་སུ་འདེམས་ཐོན་བྱུང་བ་དང༌། འོས་

འདེམས་ཐེངས་ ༣ ལ་བསྟུད་མར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་གྱི་ལས་འཁུར་དུ་འོས་འདེམས།

གོང་གསལ་ལོ་ངོ་ ༡༨་་་༡༩ ཙམ་རིང་བཙན་བྱོལ་བོད་མིའི་ཁྲིམས་བཟོ་ལྷན་ཚོགས་སུ་ལས་འཁུར་དམ་བཅའ་ཕུལ་བའི་འབྲུ་དོན་ལྟར་སྤྱི་མི་ཞིག་གི་ངོ་བོ་ཐོག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་བློས་གཏད་ཀྱི་ཐོག་ནས་བཅའ་ཁྲིམས་དགོངས་དོན་དང་འགལ་མེད་ཐོག་རང་དོན་ཕྱོགས་ལྷུང༌། འཇིགས་ཞུམ་ཆགས་སྡང་མེད་པར་དྲང་བདེན་ལྷག་བསམ་གཡོ་བ་མེད་པའི་སྒོ་ནས་གང་ནུས་ཞུས་དང་ཞུ་མུས་ཡིན། ལོ་ངོ་འདི་རིང་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཐུགས་དགོངས་དང་བོད་གཞི་བྱེས་མི་མང་གི་མངོན་འདོད་གཙོ་བོ་ཟིན་ཏེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་གཙོས་ཁྲིམས་ཡིག་དང་སྒྲིག་གཞི་ཁག་ཚང་མར་དོ་སྣང་དང་ལག་བསྟར་གྱི་འགན་འཁུར་རང་ནུས་གང་ཐུབ་ཞུས་པའི་ལས་འགན་ཇི་བྱས་སྙིང་བསྡུས་ཤིག་གཤམ་གསལ་ལྟར་ཡིན།

འཛམ་གླིང་ཡུལ་གྲུ་ཁག་གི་གྲོས་ཚོགས་འཐུས་མི་དང༌། ཆབ་སྲིད་དབུ་ཁྲིད། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག ལྷག་པར་དུ་རྒྱ་གར་དབུས་ས་གཉིས་ཀྱི་གཞུང་གཙོས་རྒྱ་གར་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད་འབྲེལ་ལམ་གྱི་བོད་དོན་ཐོག་རྒྱབ་སྐྱོར་ཡོང་སླད་འགན་འཁུར་ཞུ་མུས་ཡིན།

ཕྱི་ལོ་ ༢༠༠༨ ལོར་བོད་ནང་དོན་རྐྱེན་ཆེན་པོ་བྱུང་སྐབས་བོད་གཞུང་མང་ཛ་དྲག་ཚོགས་ཆུང་ནང་གཞིས་ལུས་མི་མང་ལ་གདུང་སེམས་མཉམ་བསྐྱེད་ཀྱིས་འགན་འཁུར་ལེན་མཁན་གྱི་ཞབས་ཞུ་ཞུ་རྒྱུའི་གོ་སྐབས་བཟང་པོ་ཐོབ།

ཡང་ཕྱི་ལོ་ ༢༠༠༨ ཟླ་ ༡༡ ནང་དམིགས་བསལ་ཚོགས་ཆེན་ཐེངས་དང་པོའི་སྐབས་ཚོགས་འདུའི་གོ་སྒྲིག་ཞུ་སྒོ་སོགས་འགན་འཁུར་བ་གཙོ་བོའི་གྲས་སུ་ཞུགས།

དེ་བཞིན་སིམ་ལར་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་ཀྱི་འགན་འཁུར་ཞུས་པ་དོན་འབྲས་ལེགས་སོན་བྱུང་ཡོད།

ལོ་མང་རྗེས་ཕྱི་ལོ་ ༢༠༠༥ ནང་བོད་མི་མང་སྤྱི་འཐུས་སྐབས་བཅུ་གསུམ་སྐབས་སླར་གསོ་དང་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༤ པ་ ཁྱརྟདྲརྣཏསྤྱཔྱཐྲད རུ་ལྷན་འཛོམས་དང༌། དེ་བཞིན་ཕྱི་ལོ་ ༢༠༠༩ ནང་ཚོགས་ཆེན་ཐེངས་ ༥ པ་བོད་མི་མང་སྤྱི་འཐུས་སྐབས་བཅུ་བཞི་པའི་སྐབས་ཚོགས་བསྐོངས་གནང་བའི་སྐབས་རང་ངོས་ནས་ཀྱང་ལས་སྣེ་འགན་འཁུར་འཐུས་གཙང་ཞུ་རྒྱུའི་གོ་སྐབས་བཟང་པོ་ཐོབ། ལྷག་པར་རྒྱལ་ཁབ་མང་དག་ཞིག་གི་གྲོས་ཚོགས་འཐུས་མི་ཁག་གཅིག་ནས་འགོ་འཛུགས་གནང་བའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མང་གཙོ་འཕེལ་རིམ་ལས་འགུལ་གྱི་ཚོགས་གཙོ་(Co-Chair)ཡི་མཚན་གནས་ཞུས།་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ལས་འཛིན་ཚོགས་གཙོར་བསྐོར་གཞག་སྩལ་བ་ལྟར་ལས་ཁུར་ཞུས།

བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དབུ་ཁྲིད་འོག་འཚེ་མེད་ཞི་བ་དང་མང་གཙོའི་ལམ་བཟང་ཐོག་བོད་དོན་བདེན་མཐའ་མྱུར་གསལ་ཡོང་ཐབས་དང༌། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་ གཙོས་བོད་མིའི་ངོ་བོ་མ་བརླག་པའི་སྲུང་སྐྱོབ་ཞུ་རྒྱུ། ཆོལ་གསུམ་བོད་མི་ཡོངས་རྫོགས་དམ་ཚིག་ཆིག་བསྒྲིལ་དང༌། བོད་ནང་ཡོད་པའི་བོད་མིའི་སྤུན་ཟླ་ཚོ་རྒྱ་གཞུང་གི་བཙན་འོག་ཏུ་ད་དུང་སྡུག་སྐྱོང་མྱོང་བཞིན་པ་རྣམས་དཀའ་ངལ་ནས་ཐར་ཐབས། དེ་མིན་བཙན་བྱོལ་དུ་ཡོད་པའི་བོད་མི་སྤྱི་སྒེར་གཉིས་ཐད་ཀྱི་བདེ་སྡུག་དཀའ་ངལ་སེལ་ཐུབ་སོགས་ལ་མུ་མཐུད་ཞབས་འདེགས་ཞུ་རྒྱུའི་ཆོད་སེམས་དམ་བཅའ་བརྟན་པོ་ཡོད་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།