མང་གཙོ་ཚོགས་པའི་བཀའ་ཁྲིའི་འོས་གཞིའི་བགྲོ་གླེང།
ཐེངས་འདིའི་བགྲོ་གླེང་ཐོག་བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་དང། མཁས་དབང་བློ་བཟང་སེང་གེ་གཉིས་ཆེད་དུ་གདན་ཞུ་བྱས་ནས་བགྲོ་གླེང་ལྷུག་པོ་བྱུང་ཡོད་པ་རེད། བགྲོ་གླེང་གི་ནང་དོན་སྤྱིའི་ཆ་ནས་ཚེས་༩ ཡི་དགོང་མོ་དང་གཅིག་མཚུགས་ལྟ་བུ་ཡིན་ཡང། མི་མང་གིས་དྲི་བ་མང་པོ་འདྲི་བའི་གོ་སྐབས་བྱུང་བ་མ་ཟད། དྲིས་ལན་ཡང་གྲ་རྒྱས་པོ་འདེབས་པའི་དུས་ཚོད་བྱུང་སོང།
བགྲོ་གླེང་དེའི་སྐོར་མང་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུང་དྲུང་ལགས་ཀྱིས་ངོ་སྤྲོད་གནང་དོན། མང་གཙོ་ཚོགས་པ་དེ་བཙན་བྱོལ་སྤྱི་ཚོགས་ནང་གི་ཆབ་སྲིད་ཚོགས་པ་གཅིག་པུ་དེ་ཡིན་པར་བརྟེན། ཆབ་སྲིད་ཚོགས་པ་ཞིག་གི་འགན་ཁུར་ནས་དེ་རིང་གི་བགྲོ་གླེང་དེ་གོ་སྒྲིག་པ་བྱས་པ་ཞིག་ཡིན་སྐོར་དང་། གཞི་རྩའི་མང་གཙོ་ཚོགས་པའི་ལྟ་གྲུབ་དེ་རང་བཙན་ཡིན་ཡང་འོས་གཞིའི་ཆབ་སྲིད་ཀྱི་ལྟ་གྲུབ་ཐད་དབྱེ་བ་དང་། ཆ་རྐྱེན་གང་ཡང་མ་བཏོན་པར་བོད་སྤྱི་པའི་རྩ་དོན་ལ་ཕན་ཐོགས་མཁན་དང། ལས་ཀ་བྱེད་མཁན་ཞིག་ཏུ་བསམ་བློ་བཏང་ནས་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་འདུའི་སྐབས་སུ་མང་མོས་ཐག་གཅོད་བྱུང་བ་བཞིན་བཀའ་ཁྲིའི་འོས་མི་གཉིས་རང་བཏོན་པ་ཡིན་ཞེས་ངོ་སྤྲོད་གནང་སོང།
དེ་བཞིན་མང་གཙོ་ཚོགས་པའི་གོ་སྒྲིག་འོག་གོང་གི་བཀའ་ཁྲིའི་འོས་མི་གཉིས་ཀྱིས་ཚེས་༡༢ ཉིན་ལྡི་ལི་བོད་སྒར་བསམ་ཡས་གླིང་དུ་བགྲོ་གླེང་ཞིག་འཚོགས་ཡོད་པ་དང། དེ་རྗེས་རིམ་བཞིན་ལ་དྭགས། བདེ་སྐྱིད་གླིང། དོན་གྲུབ་གླིང།(clementown) སྤོན་ཌ་སོགས་སུ་བསྐྱོད་འཆར་ཡོད་པ་རེད།།
{jcomments on}
