ཆོས་བརྒྱུད་སྤྱི་འཐུས་བགྲོ་གླེང་ད་ལྟར་འགོ་ཚུགས་རྒྱུ་ཡིན།
ཆོས་ལུགས་ཀྱི་སྤྱི་འཐུས་ལ་སྤྱི་འཐུས་བྱིངས་ཀྱི་འགན་བབ་ཡོད་པ་གང་ཞིག་ལ།དམིགས་བསལ་ཆོས་ལུགས་ཀྱི་ལྟ་སྟངས་ཀྱི་ཐོག་ནས་ཁྲིམས་དོན་ལ་བཅོས་བསྒྱུར་བྱ་དགོས་པའི་རིགས་ཏེ།འཚེ་བ་མེད་པའི་བྱ་སྤྱོད་དང་མཐུན་པའི་ཁྲིམས་ལུགས་ལ་སྟངས་འཛིན་དང་།ཆོས་ཀྱི་སློབ་གཉེར་ཡར་རྒྱས་གཏོང་ཕྱོགས་དང་།ཆོས་པ་རྫུན་མ་ཅན་སྤྱི་ཚོགས་གཏོར་བརླག་གཏོང་མཁན་དེ་ཚོ་འགོག་ཐབས།དགོན་སྡེའི་སྒྲིག་སྲོལ་ཡར་རྒྱས་གཏོང་ཕྱོགས་སོགས་ཀྱི་སྐོར་གླེང་སློང་ཐུབ་མཁན་དགོས་ཤིག་ཡིན་དགོས་བསམ།
ང་ཚོ་ཆོས་ལུགས་ཀྱིས་བཅིངས་པའི་མི་རིགས་ཤིག་གི་གནས་བབ་འོག་ནས་ཆོས་ལུགས་སྤྱི་འཐུས་དེ་དགོས་པར་འགྱུར་བས་དྲ་གྲོགས་ཚོས་སྐད་ཆ་འདི་ནས་འཛུགས་ཐུབ་པའི་རེ་བ་ཡོད།
ཉིན་དགུང་ཆུ་ཚོད་༡༢:00ནས་༢:00བར་བར་གསེང་དང་།ཆུ་ཚོད་༢ནས་སླར་ཡང་འགོ་ཚུགས་རྒྱུ་ཡིན། དགོས་མེད་ཀྱི་གོང་གསལ་གྱི་བརྗོད་གཞི་གསུམ་ལས་བརྒལ་ནས་ཚིག་ཚོན་འཕེན་རེས་སོགས་གཏན་ནས་མི་གནང་པར་ཞུའོ།