ས་མཐོའི་བོད་རིགས་འཛམ་གླིང་མཛེས་པའི་རྒྱན།
ཅ་ཅོ་འདུ་འཛི་དེ་སྤ
ངས་ཤིང༌།།
ཆ་མེད་འཆི་བ་དེ་དྲན་ནས།།
ཇ་མཆོད་དགེ་སྒྲུབ་ཀྱི་ཆེད་དུ།།
ཉ་སྲོག་གྲངས་མེད་ཅིག་བླུས་ཤིག །
ཏ་ལའི་བླ་མ་ཡི་གསུང་གིས།།
ཐ་ཤལ་སྤྱོད་ངན་དེ་བསྒྱུར་སོང༌། །
ད་ཕྲུག་ཉམ་ཐག་གི་བུ་ལ།།
ན་མོ་གུ་རུ་ཡིས་གཟིགས་ཤིག །
པ་ལགས་ཟེར་བ་ཡི་ཚབ་ཏུ། །
ཕ་ལགས་བྲིས་པ་དེ་དག་གོ། །
བ་རྫི་ཚོང་ལས་སོགས་གཡུག་ནས།།
མ་སྐད་བོད་ཡིག་ལ་སྦྱོངས་ཤིག།
ཙ་རིར་གནས་སྐོར་ལ་སོང་ཚེ།།
ཚ་གྲང་དམྱལ་ཁམས་དེ་ཁོག་ཡོང༌།།
ཛ་ཧུ་བུ་མོ་དེ་མཐོང་སྐབས།།
ཝ་མོས་རྐྱལ་སྤོབས་དེ་ཤོར་སོང༌། །
ཞ་སྨྱུག་སློབ་ཆས་དེ་ཁུར་ནས།།
ཟ་འཐུང་ངན་ངོན་ལ་སྤྱོད་བཞིན། །
འ་ཅག་བོད་ལྗོངས་ཀྱི་ཆོས་རིག།
ཡ་ཁ་བྲལ་མེད་ཀྱིས་སྦྱོངས་ཤིག།
ར་བ་གངས་རི་ཡིས་བསྐོར་ཞིང༌།།
ལ་ལུང་ཤིང་སྣ་ཡིས་གཏམས་པ།།
ཤ་མར་ཆང་གསུམ་ལ་དགའ་བའི།།
ས་མཐོའི་བོད་རིགས་ལ་གདམས་སོ། །
ཧ་ཅང་གོ་སླ་ཡི་གཏམ་དེ།།
རང་གི་སློབ་མ་ཡི་རྩོམ་དཔེར། །
ཨ་མཚར་རྩེད་མོ་ཡི་ཚུལ་དུ།།
སྒྱུ་རྩལ་ནག་འགྲོས་སུ་བཀོད་དོ།།
༢༠༠༨ ཟླ་ ༧ ཚེས་ ༢༩ ཞོགས་པར།