སིཌི་ནེ་བོད་རིགས་ཚོགས་པའི་ཚོགས་ཆེན།

 

དེ་རྗེས་སྐུ་མགྲོན་གཙོ་བོ་སྐུ་ཚབ་དོན་གཅོད་ཀྱིས་བཙན་བྱོལ་བོད་གཞུང་གི་ལས་དོན་ཆེ་ཕྲ་གང་མང་ཞིག་གི་ཐད་ལ་བཀའ་སློབ་གནང་བ་དང་ལྷག་དོན་དབུ་མའི་ལམ་གྱི་དགོངས་དོན་དང་དེའི་ཁྱད་ཆོས་སོགས་ཀྱི་སྐོར། ད་དུང་ཕྱི་གླིང་ཡུལ་གྲུ་འདིར་གནས་པའི་བོད་མི་ཚོ་ཕན་ཚུན་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་ཡོང་དགོས་པ་དང་རང་མི་རིགས་ཀྱི་རིག་བཞུང་དང་འབྲེལ་བའི་ཡ་རབས་གོམས་གཤིས་སོགས་ནམ་ཡང་འདོར་མི་རུང་བའི་ཐད་ལ་བཀའ་སློབ་ཟམ་རྒྱས་གནང་སོང་། རིམ་བཞིན་བོད་མི་མང་སྤྱི་འཐུས་བསོད་ནམས་སྟོབས་རྒྱལ་ཀྱིས་ས་གནས་བོད་རིགས་མཐུན་ཚོགས་ཀྱི་ངོས་ནས་རྩིས་ཁ་གསལ་པོ་དགོས་པ་དང། དེ་བཞིན་ས་གནས་མི་མང་ཚོས་རང་དབང་དཔྱ་ཁྲལ་ལམ་རྒྱལ་དོན་མ་དངུལ་ལེགས་པོ་སྤྲོད་དགོས་སྐོར་སོགས་ཀྱི་ཐད་ལ་གསུང་བཤད་གནང་ཡོད་པ་རེད།

 

རིག་གཞུང་འགན་འཛིན་རྒན་རྡོ་རྗོ་དགྲ་འདུལ་ལགས་ཀྱིས་ས་གནས་བོད་རིགས་སློབ་མ་ཚོར་ཤེས་ཡོན་དང་རང་གི་སྐད་ཡིག་སློབ་སྦྱོང་། དེ་བཞིན་ཕ་མ་ཚོས་ངོས་ནས་བུ་ཕྲུག་ལ་བོད་པའི་ཡུལ་གོམས་གཤིས་ལུགས་སོགས་རྒྱུན་ངོ་སྤྲོད་བྱེད་དགོས་སྐོར་སོགས་ཀྱི་སྐོར་གསུངས་སོང་། དེ་ནས་སྐུ་ངོ་དངོས་གྲུབ་རྒྱལ་མཚན་མཆོག་གིས་ས་གནས་རང་གཞུང་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་ཁྱབ་ཁོངས་འོག་ཏུ་ཡོད་པའི་བོད་རིགས་མཐུན་ཚོགས་སོ་སོར་འཛིན་སྐྱོང་དང་བཀོད་ཁྱབ་སོགས་འདྲ་འདྲ་དང་ཐོབ་ཐང་གཅིག་མཚུངས་ཡིན་སྐོར་སོགས་ཀྱི་སྐོར་གསུང་བཤད་གནང་སོང་།

 

ཉིན་རྒྱབ་ཆུ་ཚོད་ ༣ ཐོག་ནས་ཡང་བསྐྱར་ཚོགས་བཅར་བ་རྣམས་འདུ་འཛོམས་བྱས་ཏེ་ཚོགས་ཆུང་ལྔ་ལ་བགོས་ཏེ་སིཌི་ནེ་བོད་རིགས་མཐུན་ཚོགས་ཡར་རྒྱས་ཚགས་ཚུད་གཏོང་ཕྱོགས་དང་། རང་རིགས་གསར་པ་འབྱོར་མཁན་ཚོར་སྣེ་ལེན་བྱེད་ཕྱོགས། སྐུ་ཚབ་དོན་གཅོད་ཁང་དང་། ཡུལ་དེར་རྟེན་གཞི་བྱེད་བཞིན་པའི་ཚོགས་ཁག བོད་རིགས་མཐུན་ཚོགས་ཁག བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ལ་ཇི་ལྟར་འབྲེལ་བ་བྱེད་ཕྱོགས་སོགས་དོན་ཚན་དེ་དག་གི་ཐོག་ལ་གྲོས་བསྡུར་གནང་ཡོད་པ་རེད། དེ་བཞིན་ས་གནས་བོད་ཀྱི་ཁང་པ་དེ་བཞིན་བོད་རིགས་ཚོགས་པའི་ཁྱབ་ཁོངས་སུ་འཛུལ་ཞུགས་དགོས་པ་ལས་ལོགས་སུ་ཕྱིན་ན་མི་འགྲིགས་པའི་སྐོར་སོགས་བགྲོ་གླེང་དང་གྲོས་བསྡུར་ཞིབ་ཕྲ་བྱས་སོང་།

ས་གནས་གསར་འགོད་པ་སེར་ཤུལ་དཀོན་མཆོག་གིས་ཨོ་སུ་ཀྲི་ལི་ཡའི་གྲོང་ཁྱེར་སིཌི་ནེ་ནས། ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༡༨ ལ།།

{jcomments on}