༢༠༡༠ ལོའི་བོད་ཀྱི་རྐང་རྩེད་སྤོ་ལོའི་འགྲན་སྡུར།
བོད་རྒྱལ་ཡོངས་རྩེད་རིགས་ཚོགས་ཆུང་གི་གོ་སྒྲིག་འོག་འདི་ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་འགྲན་སྡུར་དེ་ཉིན་ ༡༡ གི་རིང་ལ་ཕྱོགས་སོ་སོ་ནས་ཕེབས་པའི་རུ་ཁག་ ༡༨ བར་སྦེལ་ཀོབ་ཏུ་འགྲན་སྡུར་བྱས་པ་དང། ཐ་མར་མོན་གྷོ་རུ་ཁག་དང་། ཀ་ལུ་མན་ཌོ་རུ་ཁག་གཉིས་འགྲན་སྡུར་གྱིས་ལྟད་མོ་བ་གཅིག་ཁྲི་བརྒལ་བའི་འདུ་ཛོམས་ཆེན་པོའི་ཀུ་སྒྲ་དང་འུར་ཟང་། སྒོད་སྒྲའི་ཁྲོད་མོན་གྷོ་རུ་ཁག་གིས་སྤོ་ལོ་གཉིས་བླུགས་པ་དང་། ཀ་ལུ་མན་ཌོ་རུ་ཁག་གྱིས་སྤོ་ལོ་གསུམ་བླུགས་ནས་ཐ་མའི་རྒྱལ་ཁ་ཐོབ་ཡོད་པ་རེད།
ཐེངས་འདིའི་རྩེད་མོའི་འགྲན་སྡུར་ནི་སྒྲིག་མཐུན་དང་སྤྲོ་སྐྱིད་ལྡན་པ་ཞིག་བྱུང་སོང་ཞེས་རྩེད་མོ་གོ་སྒྲིག་པས་འགྲེལ་བཤད་བྱས་སོང་ལ། ལྟད་མོ་རྣམས་ཀྱིས་ཀྱང་རྩེད་འགྲན་སྐབས་སྤྱི་ཡོངས་ཡག་པོ་བྱུང་སོང་ལ། འདི་ནི་བོད་ཀྱི་རྐང་རྩེད་སྤོ་ལོའི་ཡར་རྒྱས་ཀྱི་རྒྱལ་ཁ་ཞིག་ཀྱང་རེད་ཅེས་བརྗོད་ཀྱི་འདུག མེ་སོར་གསར་འགོད་པས།
