བཙུན་མའི་འཇང་དགུན་ཆོས་དབུ་འཛུགས།

dolmaling-1བཙུན་དགོན་སྒྲོལ་མ་གླིང་གི་སློབ་སྤྱིའི་ལས་ཚབ་འཇིགས་མེད་རྡོ་རྗེ་ལགས་ཀྱིས་འཚམས་འདྲི་དང་འབྲེལ་གསུང་བཤད་གནང་བ་མ་ཟད། རིམ་བཞིན་བཙུན་མའི་ལས་འཆར་ཁང་གི་ངེས་སྟོན་པའི་ཕྱག་རོགས་བློ་བཟང་བདེ་ཆེན་ལགས་དང་། བུད་མེད་ཚོགས་པའི་ཚོགས་གཙོ། ཤེས་རིག་བཀའ་བློན་མཆོག དེ་རྗེས་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་མཆོག་ནས་བླང་དོར་ལམ་སྟོན་གྱི་བཀའ་སློབ་གནང་ཡོད་པ་རེད།

dolmaling-2ཐེངས་འདིའི་བཙུན་མའི་འཇང་དགུན་ཆོས་ལ་བཙུན་དགོན་སྒྲོལ་མ་གླིང་དང་འབྲེལ་གཞན་བཙུན་མའི་དགོན་སྡེ་གཞན་དྷ་སའི་ཉེ་འགྲམ་གྱི་འཇམ་དབྱངས་ཆོས་གླིང་ནས་བཙུན་མ་༣༢ དང།  ལྷོ་ཕྱོགས་མོན་གྷོ་རུ་ཡོད་པའི་བྱང་ཆུབ་ཆོས་གླིང་ནས་བཙུན་མ་༤༢།   དྷ་ས་མེག་གྷན་དུ་ཡོད་པའི་དགའ་ལྡན་ཆོས་གླིང་ནས་བཙུན་མ་༣༡།  བལ་ཡུལ་ཀོ་པཎ་མཁའ་སྤྱོད་དགའ་འཁྱིལ་གླིང་ནས་བཙུན་མ་༤༥། བལ་ཡུལ་འཕགས་ཤིང་ཐུགས་རྗེ་ཆོས་གླིང་ནས་བཙུན་མ་༢༦ བཅས་ཕེབས་ཡོད་པ་རེད།

བཙུན་དགོན་སྒྲོལ་མ་གླིང་གི་སློབ་སྤྱིའི་ལས་ཚབ་འཇིགས་མེད་རྡོ་རྗེ་ལགས་ཀྱིས་སྐུ་མགྲོན་རྣམས་ལ་ཐུགས་རྗེ་ལེགས་གསོལ་དང་སྦྲགས། ཟླ་གཅིག་རིང་འཚོག་རྒྱུའི་འཇང་དགུན་ཆོས་ཀྱི་སྒྲིག་གཞིའི་སྐོར་གསལ་བཤད་གནང་རྗེས་མཛད་སྒོ་གྲོལ་ཡོད་པ་རེད།།{jcomments on}