སྐྱིད་དུས་སུ་སྙན་ངག་མི་ཡོང་། མ་བྲིས་ན་ཡག
མིག་ཆུ་ཡང་མེད་ལ
སྐྱོ་གདུང་མེད དྲན་ཤིང་ཞིག་དེ་བས་ཀྱང་ག་ལ་སྲིད
ཏག་ཏག དུས་ཚོད་དེ་ནི་སྙན་ངག་མེད་དུས་ཡིན
ཁྱེད་རང་ལ་ཅི་ཙམ་གཅེས་ན སྙན་ངག་ནི་དེ་ཙམ་ཡག
ཁྱེད་རང་ལ་ཅི་ཙམ་དགའ་ན སྙན་ངག་ནི་དེ་བས་ལྷོད་ཞིང་འཇམ
དུས་རྒྱུན་ཁྱེད་རང་དྲན་ན སྙན་ངག་ནི་མུན་ཁྲོད་ཀྱི་མར་མེ་བཞིན
ཁྱེད་རང་ཅི་ཙམ་ཞིག་གླེང་ན སྙན་ངག་ནི་མཛེས་ལྗོངས་ཀྱི་མེ་ཏོག་ལྟར
སྐྱོ་བའི་དུས་སུ་ཁྱེད་རང་དྲན་ལ
སྡུག་པའི་སྐབས་སུ་ཁྱེད་རང་གླེང་
དོན་དངོས་སུ ཁྱེད་རང་ཁོ་བོའི་ནམ་ཟླ་བཞིན
སྐབས་དེ་འདྲ་ནི སྙན་ངག་བཞུར་བའི་དུས་ཚིགས་ཤིག
སྙན་ངག་ནི སྐྱིད་དུས་སུ་མི་ཡོང་
སྙན་ངག་ནི དོན་དངོས་སུ་སྙན་པོ་ཞིག་དུ་བསམ་མི་རུང་
སྙན་པོ་ནི ཁ་ཡག་ལྟ་བུ་ཞིག་ཡིན
སྙན་ངག ངས་བསམ་པའི་སྙན་ངག་ནི
ག་ལེར་བཞུར་ནས་འོང་ སྐྱོ་གདུང་གི་ཡིག་འབྲི་རེ་རེ་ཡིས
མི་སེམས་དམར་པོ་ཞིག་ལ་འདར་སུག་རྒྱགས་དུས
མི་སེམས་དམར་པོ་ཞིག་གི་ངུ་རྒྱངས་བྱེད་དུས
མི་སེམས་དམར་པོ་ཞིག་ལ་རང་དབང་མེད་དུས
མི་སེམས་དམར་པོ་ཞིག་ལ་གཡོ་སྒྱུ་མེད་དུས
