རྙིང་མའི་སྤྱི་འཐུས་འོས་མི་འཆམ་ར་དྲི་མེད་འོས་སྦྱོར།
ཕྱི་ལོ་༢༠༡༠ ལོར་༸གོང་ས་མཆོག་གི་མདུན་ནས་ངེས་གསང་ལེགས་བཤད་མཛོད་མཆང་གི་སློབ་དཔོན་གྱི་ ཕྱག་ཁྱེར་འཐོབ། ལོ་ངོ་དེ་དག་གི་རིང་། བཤད་གྲྭའི་ཚོང་གཉེར་གྱི་ལས་ཀ་སོགས་སྲི་ཞུ་མི་དམན་པ་ཞུས། ཕྱི་ལོ་༢༠༠༨ ནས་ཆབ་སྲིད་རིག་པའི་ཐོག་ལ་དམིགས་བསལ་སྦྱོང་བརྩོན་བྱས་ཤིང་། ཚགས་ཤོག་དང་དུས་དེབ་བོད་ཕྱི་ནང་གི་དྲྭ་རྒྱ་སོགས་ཀྱི་ནང་། ད་ལྟའི་བོད་ཕྱི་ནང་གི་གནས་སྟངས་དང་མ་འོངས་བོད་རྩོད་སྒྲུབ་དང་། གསར་འབྱོར་ཉམ་ཐག་ཚོའི་མཚོན་བཙན་བྱོལ་ནང་གི་མི་མང་དཀྱུས་མའི་འཚོ་བའི་ཐད་ནས་ བཟུང་ཞིབ་འཇུག་གི་རྩོམ་ཡིག་བརྒྱ་ཕྲག་འགའ་སྤེལ། ད་དུང་བགྲོ་གླེང་དང། བོད་དོན་གྱི་ལས་འགུལ་གང་མང་ནང་ཞུགས་ཤིང་། བོད་ནང་དུ་རྒྱ་གཞུང་གིས་སྡུག་སྦྱོང་མནར་གཅོད་གཏོང་བ་དང། དམར་བསད་དྲག་གནོན་བྱས་པ་སོགས་ཀྱི་གནས་ཚུལ་དུས་ནས་དུས་སུ་མཁོ་སྒྲུབ་ཞུས་ ཤིང་། འཛམ་གླིང་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་བཀྲམས་ཐུབ་བྱས་འདུག་པ་དང་། ད་ལྟ་ཉི་ཟེར་དུས་དེབ་ཀྱི་རྩོམ་སྒྲིག་པ་བྱེད་བཞིན་པ་བཅས་ཀྱི་ལོ་རྒྱུས་སྙིང་ བསྡུས་སུ།
ང་ཚོས་འོས་བཏོན་དགོས་པའི་དམིགས་ཡུལ་ནི། ཆོས་བརྒྱུད་སྤྱི་འཐུས་དེ་སྐྱེ་བོ་ཕལ་པ་ཞིག་མ་ཡིན་པར་ཆོ་ལུགས་སོ་སོའི་ལྟ་ གྲུབ་ནས་བཟུང་རང་རྐང་ཚུགས་པའི་གོ་རྟོགས་ཡོད་པ་ཞིག་དང་། ཆོས་བརྒྱུད་གང་གི་དགོན་སྡེ་ཕན་ཚུན་བར་དམ་ཚིག་རྡོག་རྩ་ཆིག་སྒྲིལ་གནང་རྒྱུའི་ ནུས་ཤུགས་འདོན་པ་དང་འགན་ཁྱེར་མཁན། དེ་བཞིན་བོད་གཞིས་བྱེས་གཉིས་ཀྱིས་ཡིད་ཆེས་བཅོལ་རུང་བ་དང་། གཞུང་དྲང་ལྷག་བསམ་ཅན་ཞིག་བྱུང་ན་བསམ་པའི་སྐུལ་སློང་ཉག་གཅིག་གིས་ཡིན་པས། དེ་ལུགས་རྒྱལ་ཡོངས་རྙིང་མའི་གྲྭ་བཙུན་ཡོངས་ནས་ཁོང་ལ་འོས་བླུགས་རོགས་ཞུ།
འོས་བཏོན་མཁན། རྫོགས་ཆེན་དགོན་པའི་དགེ་རྒན་སློབ་དཔོན་ཨ་སྟོབས། རྡོ་རྗེ་གླིང་བཀའ་འགྱུར་དགོན་པའི་དགེ་རྒན་ཀུན་བཟང་བློ་གསལ། དྷ་སའི་ཆུ་སྒང་རྒྱུན་ལས་འཇམ་དགའ། སྒྲོལ་མ་གླིང་གི་དགེ་རྒན་ཚེ་དབང་མགོན་པོ། ཤུགས་གསེབ་དགོན་གྱི་དགེ་རྒན་འཆི་མེད་ལྷུན་གྲུབ། རྫོགས་ཆེན་སྤྲུལ་སྐུ་པདྨ་བཀྲ་ཤིས། དྷ་སའི་སྡེ་དགེ་ཚོགས་སྐྱིད་ཀྱི་རྒྱུན་ལས་གཡུང་དྲུང་ཚེ་བརྟན། ཨོ་རི་ས་རི་དགོན་ཐུབ་བསྟན་སྨིན་གྲོལ་གླིང་གི་དགེ་རྒན་བློ་གྲོས་ཆོས་དབྱིངས། རྣམ་གྲོལ་གླིང་སློབ་དཔོན་ཚེ་དབང་རྒྱལ་མཚོ་དང་། དྷ་ས་ཆུ་སྒང་དངུལ་གཉེར་དབང་གྲགས་རྡོ་རྗེ་སོགས་ཀྱིས་༢༠༡༠།༠༩།༡༩ ཉིན་སྤེལ།
ངས་དམིགས་ཀྱིས་འཆམ་ར་དྲི་མེད་ལ་དཔྱད་དོན་བསྡུས་པ།
གོང་གསལ་གྱི་ལོ་རྒྱུས་དག་ནི་གོང་གི་འོས་འདོན་མཁན་དག་གིས་བཏོན་ལ་རང་སོར་བཞག་ཡོད།
ང་ད་བར་ཁོང་དང་གཤིབ་འདྲིས་བྱས་པའི་ཡུན་གཞུང་ལུགས་ནས་བཟུང་ཆབ་སྲིད་བར་བསམ་ཚུལ་བརྗེ་རེས་བྱས་པའི་བརྒྱུད་རིམ་ནང་ཁོང་ལ་ཆོས་ལུགས་སྤྱི་འཐུས་འོས་པའི་ཁྱད་ཆོས་རྙེད་པ་ནི་གཤམ་གསལ་ལྟར་ཡིན།
༡མདོ་སྔགས་གཞུང་ལུགས་ལ་མཁས་པ།
༢བོད་ཀྱི་འདས་སོང་གི་ལོ་རྒྱུས་མཁས་པ།
༣ ༧གོང་ས་མཆོག་གི་དབུ་འོག་དཔུང་འདེགས་བྱེད་པའི་ཆོད་སེམས་ལྡན་པ།
༤བོད་ཀྱི་རྩོམ་རིག་ལ་བྱང་ཆུབ་པའི་རྩོམ་པ་པོ།
༥རྒྱལ་སྤྱིའི་ཆབ་སྲིད་འགྱུར་འགྲོས་དང་བོད་རྒྱ་ཡི་གནས་བབ་ལ་རྒྱུས་མངའ་ཟབ་པ།
༦མི་གཞི་གཞུང་དྲངས་དང་ནག་ཉེས་ཐེར་འདོན་ཐུབ་པའི་བློ་སྤོབས་ཡོད་པ།
༧དབྱིན་ཡིག་རང་སྐྱ་འཕེར་བ།
༨ཡུལ་དུས་དང་འཚམས་པའི་བྱ་བ་གཉེར་བའི་གུ་ཡངས་ཀྱི་བསམ་བློ་ལྡན་པ།
༩བྱ་བ་གང་བྱས་ཀྱང་དཀའ་ཁག་གདོང་ལེན་བྱས་པའི་ཨུ་ཚུགས་ལྡན་པ།
༡༠རང་ཚུགས་ལྡན་པ།
༡༡བོད་ནང་གི་ཤེས་ལྡན་པ་དུ་མ་དང་ལྷན་རྒྱུན་དུ་བསམ་ཚུལ་བརྗེ་ལེན་མཚོན་པའི་གཞིས་བྱེས་བར་གྱི་འབྲེལ་ལམ་མཐུད་པའི་ནུས་པ་ཡོད་པ་སོགས་རེད།
ང་ཡི་རྨི་ལམ་ནང་ཁོང་སྤྱི་འཐུས་སུ་ཕེབས་ན་དམིགས་བསལ་ཁྲིམས་དགོངས་དོན་གནས་དང་།གཞིས་ལུས་ཀྱི་འབོད་སྒྲ་གྲོས་ཚོགས་ནང་སླེབས་པ།ཆོས་ལུགས་ཀྱི་ཤེས་ཡོན་ལམ་ལུགས་ལ་གཤའ་བཅོས་བཏང་པ་སོགས་ཀྱི་ནུས་པ་འདོན་ཐུབ།
དེས་ན་སྔ་འགྱུར་བའི་ཆོས་གྲོགས་ཚོ་་་་་་་་ཁོང་ནི་གཞུང་ལུགས་ནས་ཆབ་སྲིད་བར་གྱི་ཤེས་ཡོན་ཡོད་ཚད་ལྡན་པས་སྔ་འགྱུར་བའི་འཐུས་ཚབ་བྱས་པའི་ནུས་པ་ལྡན་ཡོད་ལ།ཆོས་ལུགས་སྐྱབས་འགྲོ་ཙམ་ཡང་མི་ཤེས་པའི་མི་དག་གིས་རྙིང་མའི་འཐུས་ཚབ་གཏན་ནས་བྱས་མི་ནུས་པས་ཁོང་ལྟ་བུ་ལ་གསེར་གྱི་རིན་ཐང་གསེར་དུ་གཟིགས་ནས་སྔ་འགྱུར་བའི་སྤྱི་འཐུས་སུ་འདེམས་རོགས་ཞུ།
ཕྱི་འགྱུར་དགེ་ལྡན་པ་འབའ་པ་སྐལ་བཟང་འཕྲིན་ལས་ཀྱིས་ཆོས་གྲོགས་རྣམས་ལ་ཆེད་དུ་ཞུ་འབོད་བྱས།