སེམས་ཚོར་གྱ་གྱུར་མ།

ངའི་ སྡུག་རུས་ཀྱི་ཁུར་མཚུར་བསྡམ་བཞིན།་ངའི་འབད་འབུངས་ཀྱི་གསབ་ཁ་མ་ལྷོད་པར་ཡོངས་ རྗོགས་ཁྱེད་ལ་སྨོན་བཞིན་ཡོངས་རྫོགས་ཁྱེད་ཀྱི་ཆེད་དུ་ཕུལ།་ངའི་རང་གི་སེམས་ གཏིང་གི་སྨོན་འདུན་དེ་དག་ནི་སྟོང་བསམ་གྱི་བསླུ་བྲིད་ཙམ་རྟག་ཏུ་ཚོར་བཞིན་ ངའི་ཡིད་འོངས་ཀྱི་རེ་འདུན་དེ་སྙིང་ནས་དོར་འདོད་མེད།་ལ་ལས་མི་ཚེའི་གར་སྟེགས་ འདི་ནས་གང་འདོད་ཀྱིས་ཟློས་གར་འཁྲབ་ཀྱི་འདུག་ལ་ཚོགས་འགས་ཚེ་འདིར་རེག་ཐབས་ དཀའ་བའི་རེ་འདུན་ཞིག་གི་ཆེད་དུ་སྡུག་བསྔལ་གྱི་མི་ཚེ་ཕུད་ཀྱི་འདུག་་ཡང་ལ་ལས་ མི་ཚེའི་རྐང་ལམ་ཕྲ་མོར་ཐང་ཆེན་གྱི་རྒྱ་ཁྱོན་དུ་འཕྲུལ་ནས་ནུས་ཤུགས་ཡོད་རྒུས་ འཕགས་འཚག་བརྒྱབ་བཞིན་འདུག་ལ་།་ཚོགས་འགས་ཁོར་ཡུག་རང་གི་གནས་སྟངས་དང་བསྟུན་ ནས་སྐབས་འཚོལ་གྱིས་ཅི་ཐུབ་སྒེར་དོན་འབད་ཀྱི་འདུག་་ངས་དེ་ལྟར་མཐོང་དུས་སེམས་ ཕམ་གྱི་འདུག་ལ།་ངས་ཡིད་འོངས་དང་ཕུག་བསམ་གྱི་ས་དུམ་ཞིག་འཚོལ་ཕྱིར་ཡོངས་ རྫོགས་མཛེས་སྡུག་ལ་བསྒྱུར་ན་འདོད།

སེམས་ ཉེ་བ་འགས་ཆབ་སྲིད་ཀྱི་ཁོར་ཡུག་དང་འགྱང་རིང་ཙམ་བསྡོད།་དེས་ཁྱེད་ཀྱི་སེམས་ འདུན་དང་མ་ལ་གནོད་ཀྱི་རེད་ཟེར།་ལ་ལས་ཆབ་སྲིད་དབང་ཆ་ནི་ཕུག་བསམ་ལེགས་སྒྲུབ་ ཡོང་བའི་ལམ་བུ་ཁོ་ན་དེ་རེད།་དེས་ན་གོ་སྐབས་མ་ཤོར་བ་བགྱིས་ཟེར།་འོན་ཀྱང་ངའི་ མི་རིགས་ཀྱི་སྡུག་ཡུས་དང་སྤུན་ཟླའི་ཕམ་ཁ་འཁྱེར་ནས་སྒེར་གྱི་སེམས་འདུན་ཞིག་ ལ་ཤི་འཐམ་རོ་འཐམ་བྱ་ཐབས་མི་འདུག་་ངའང་མང་པོ་དང་མཚུངས་པའི་འབག་བཙོག་གི་ཆུ་ རྙོགས་ལ་ལྷུང་གཏན་འཁེལ་བའི་སྔོན་བལྟས་མཐོང་བཞིན་ཡོད།་གལ་ཏེ་ངའང་འཇིག་རྟེན་ གཞན་ཀྱི་མི་རྣམས་དང་གཅིག་མཚུངས་ཀྱི་རྒྱལ་ཁབ་དང་རང་དབང་ཡོད་པའི་གང་ཟག་ཅིག་ ཡིན་གྱུར་ན།་ངས་རང་གི་མཐར་ཐུག་གི་ལུས་སེམས་གཉིས་ཀྱི་རང་དབང་དེ་གང་ས་ནས་ འཚོལ་བསྙེག་བྱ་བའི་བློ་རྩ་གཏན་པོ་ཡོད།་ངས་སྙིང་ཉེ་ཁོང་ཡང་དཀའ་བསྐྱེད་མི་ དགོས་པར་ང་དང་མཉམ་དུ་རི་ཆུ་དང་ཁ་དབུགས་གཙང་ས་གཅིག་གི་གྲོང་གསེབ་ཆུང་ཆུང་ངམ་ འཇིག་རྟེན་པའི་རྙོགས་འཛིང་དབེན་ས་དེར་ཉམས་ཆུང་གི་འཚོ་བ་རོལ་ནས་བསྡད་འདོད་ ཡོད།

ཡབ་ ཆེན་ཁོང་གཞན་ཡུལ་དུ་ཕེབས་པའི་རྗེས་ཤུལ་ན་ལུས་པའི་ངའི་བརྩེ་ཆེན་གྱི་ཡུམ་ལ་ གཡོག་བྱ་ལེགས་པོ་བྱ་རྒྱུ་དང།་ཡུམ་ཆེན་ཁོང་མོའི་ལག་ནས་འཆང་སྟེ་ས་གཙང་ས་ཞིག་ གི་རྐང་ལམ་ཕྲ་མོར་ང་རང་མ་སྨད་གཉིས་རྟག་ཏུ་དལ་བུའི་ངང་ནས་སྤྲོ་འཆམ་འགྲོ་བསམ་ ནས་ཡོད།་ཁོང་མོའང་འཇིག་རྟེན་ཕྱིའི་ལམ་དུ་མ་ཕེབས་སྔོན་དུ་འདི་ལྟར་ཁོང་གི་ དོན་དག་ཆེ་རྒྱུ་མེད་ནའང་བསླབ་བྱ་ཡོངས་རྫོགས་ཉན་ཞིང་ཚང་མ་དང་དུང་བླངས་འདོད་ ཡོད།་ཡུམ་ཆེན་ལགས།་ཁྱེད་དང་མཉམ་དུ་བག་ལྷོད་དང་ཞི་བདེའི་འཚོ་བ་སླར་ཡང་རོལ་ན་ འདོད།་ངས་རང་གཤིས་ཚ་བའི་སྐྱོན་ཆ་དོར་ནས་ཁྱེད་ཀྱི་ཅི་གསུང་བཀའ་བཞིན་སྒྲུབ་ ཅིང་ཁྱེད་ལ་ཉམས་ཆུང་གི་གཡོག་མོ་ཆུང་ཆུང་ཞིག་བྱ་འདོད་ཡོད།་ཡུམ་ཆེན་ལགས།་ངས་ ཀྱང་ག་རེ་ཡིན་མིན་མི་ཤེས།་ཁྱེད་ལ་མི་ཚེ་གཅིག་གི་གླེང་མོལ་བྱ་བསམ་པའི་འདུན་ མ་དེ་ནི་ངའི་སེམས་ནས་སྐད་ཅིག་ཙམ་ཡང་ཡལ་མ་མྱོང།་དོན་དུ་ཁྱེད་ཀྱི་མདུན་ནས་ ཡོད་སྐབས་སུ་ང་རང་ནི་སྨྲ་བསམ་བརྗོད་མེད་ཀྱི་ལྐུགས་མོ་ཞིག་རེད།ངས་མ་ཡུམ་ ཁྱེད་ལ་དགོངས་གསོལ་ཞུ་བ་ལས་གཞན་ཅི་ཞིག་བྱ་ཐུབ་ཨང།

ངས་ དུས་ཁོམ་ཡོད་དུས་རྩོམ་འབྲིའི་ལམ་ནས་ངའི་ལུས་ངག་ཡིད་གསུམ་ཀྱི་ཚོར་འདུ་ཤོག་ བུའི་ཐོག་ཕབ་འདོད།་ངའི་སྤྱི་དང་མི་འདྲ་བའི་རྣོ་ངར་གྱི་དཔྱད་ཤེས་དེས་འཇིག་ རྟེན་པའི་མུན་ནག་གི་ཕྱོགས་ཡོངས་རྫོགས་རང་དབང་གིས་གསལ་བརྗོད་བྱ་འདོད་འདུག་ ངས་མི་ཚོའི་གཡོ་འཁྱོལ་གྱི་བྱ་སྤྱོད་ཡོངས་རྫོགས་ལེགས་ལམ་དུ་བསྒྱུར་འདོད་ཡོད་ ལ།་ངས་རྒན་གཞོན་བར་མེད་ཚོས་དགེ་སེམས་ཀྱི་ཕུག་བསམ་ཡོངས་རྫོགས་བསྐྲུན་ན་ འདོད།་དེ་བཞིན་ངས་ཀྱང་འཛམ་བུ་གླིང་འདིའི་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ ཕ་མ་སྤུན་མཆེད་ལྟར་ཁོར་ཡུག་ཅིག་ནང་འཚོ་བཅུག་འདོད་ཡོད་ལ།་ངས་མིའི་སེམས་སུ་ ངན་བློ་འཁོར་བ་ཙམ་གྱིས་ང་ཚོའི་ལུས་སེམས་གཉིས་ལ་གནོད་བྱེད་དེ་དག་ཡོངས་རྫོགས་ སྐད་ཅིག་ཉིད་དུ་འབུར་འཇོམ་བྱ་འདོད་ཡོད།

ངའི་ རྣ་བའི་ཟུར་ནས་མ་རང་པའི་ཚིག་རེ་རེའང་དུས་ཐོག་མེད་པ་བཟོས་ཏེ་ཕ་རོལ་པོའི་དགེ་ བའི་བྱ་བ་གང་རུང་བའི་ལུས་སེམས་གཉིས་ལ་སྲུང་སྐྱོར་བྱ་འདོད་ཡོད།་ངའི་བུད་མེད་ ཚོར་དགེ་སེམས་དང་བྱམས་བརྩེའི་རང་གཤིས་ཕྱིར་མངོན་བཅུག་སྟེ་འགྲོ་བ་མིའི་རིགས་ ལ་བདེ་སྐྱིད་དང་རང་དབང་ལྡན་པའི་ཁོར་ཡུག་ཅིག་བསྐྲུན་ན་འདོད།ད་ནས་བཟུང་ངས་ གཡོ་འཕྲུལ་གྱི་ཟློས་གར་གང་ལའང་ལྟ་འདོད་མེད།

མ་ ཡུམ་ལགས།་ངས་དེ་སྔོན་ཡིད་འོངས་ཀྱི་སེམས་འདུན་དེ་ད་ཆ་རྨིག་རྨེད་དུ་ཕྱིན་སྟེ་ སྔར་བཞིན་མི་གཤིས་མུན་ནག་གིས་བགྱིས་པའི་ངན་པ་དག་མཐོང་དུས་མི་མེད་ལུང་སྟོང་ ཞིག་ཏུ་ཉིན་མཚན་གསུམ་ལ་ངུ་བཤོམ་བྱ་འདོད།་ངས་སྒེར་གྱི་རེ་བ་ཙམ་ལས་འཇིག་རྟེན་ པའི་ཡུལ་ལུང་ཡོངས་རྫོགས་དོན་དམ་པའི་སྤྲོ་སྐྱིད་མེད་པའི་ཆོས་ཉིད་འདི་སྔར་ལས་ གསལ་པོ་རྟོགས་བྱུང།་དེ་ནི་ང་ལ་མཚོན་ན་འབད་བརྩོན་གཅིག་རྗེས་གཉིས་མཐུད་ཀྱིས་ རྗེས་སུ་ད་དུང་ཡང་ཡིད་རང་གི་དམིགས་བརྟེན་དབེན་པའི་བྱ་བྱེད་ཙམ་མཐོང་ཞིང།་མི་ སེམས་རེ་རེས་བློ་ངན་གྱིས་འཇིག་རྟེན་འདིའི་ཟུར་གང་རུང་ལ་སྐྱོན་ཆ་བཟོ་དུས་ སེམས་ནང་སྤྲོ་སྣང་མི་འདུག་ལ་ལུས་ལའང་བདེ་བའང་མི་འདུག

ངས་ གང་བཤད་འདོད་པ་དང་གང་བྱ་བསམ་པ་ནི་ད་དུང་ཡང་རབ་རུབ་མག་མོག་ལས་མེད་དུས་ང་རང་ དངོས་གནས་གླིང་ཕྲན་གཞན་ཞིག་གི་འཁོར་སྐར་ཐོག་འགྲོ་འདོད་ཧ་ཅང་ཆེ།་གཅིག་བྱས་ན་ དེར་ངའི་ཕུག་བསམ་གྱི་ས་དུམ་ཞིག་ཡོད་སྲིད།་གཅིག་བྱས་ན་དེར་མི་གཤིས་ངན་བློ་ དང་གཡོ་འཕྲུལ་གྱི་གནོད་པ་མེད་ཀྱང་སྲིད།་གཅིག་བྱས་ན་གླེང་དེའི་མི་རྣམས་ནི་ སེམས་གཏིང་གི་ཕན་སེམས་བཅངས་པ་ལས་གཅིག་གིས་གཅིག་ལ་བསླུ་བྲིད་ཀྱི་དུས་ཚོད་ འཁྱོལ་ཐབས་ཙམ་མེད་པའང་སྲིད།་གཅིག་བྱས་ན་གླིང་དེའི་མི་རྣམས་ཀྱིས་རང་གི་བློ་ གྲོས་དང་གསར་གཏོད་ལ་བརྟེན་ནས་སོ་སོའི་འཚོ་བརྟེན་གྱི་ཁོར་ཡུག་འདི་མཛེས་སྡུག་ ལྷ་ཡུལ་དང་འགྲན་ཆོག་པའི་ཡུལ་ལུང་ཞིག་བསྒྱུར་ཡང་སྲིད།་གཅིག་བྱས་ན་དེར་མི་ རྣམས་ཀྱི་སེམས་ལ་དགེ་བ་མ་གཏོགས་ངན་བློའི་ཀུན་སློང་རྩ་བ་ནས་མེད་པའམ་ཡང་ན་དེ་ དག་དུས་ཐོག་འབུར་འཇོམ་ཐུབ་པའི་ནུས་ལྡན་དང་ཤེས་རབ་ཅན་ཤ་སྟག་ཡིན་ཡང་སྲིད།་ གཅིག་བྱས་ན་དེ་ནི་མིའི་རིགས་ཀྱི་བཟང་པོའི་བློ་གྲོས་ཀྱིས་སྤུངས་པའི་མཛེས་ ལྗོངས་ཤིག་ཡིན་སྲིད་ལ།་གཅིག་བྱས་ན་ས་ཆ་དེ་ནས་ངའི་རང་དབང་གི་ཕུག་བསམ་དེ་ འགྲུབ་ཐུབ་པའང་སྲིད་ཨང།

མ་ ཡུམ་ལགས།ཡུལ་གྱར་གྱི་མི་ཚོགས་ནི་རྣོ་ངར་གྱི་ཚོར་འདུ་དོར་ཐབས་མེད་པའི་རྡ་ སའི་རི་ཁུག་འདི་ནས་སྟོང་འབོད་དང་འུར་ཟིང་གིས་མི་ཚེ་ཕུད་བཞིན་ཡོད།རྒྱལ་གཅེས་ དང་མི་རིགས་རིང་ལུགས་ཀྱིས་ང་རང་ཚུད་པའི་རིགས་མཐུན་ཚོའི་དགེ་སེམས་ཡོངས་ རྫོགས་འབུར་འཇོམ་གཏོང་བཞིན་འདུག་དེ་མིན་རྒྱལ་གཅེས་དང་འཁོན་སེམས་ཀྱི་ཞེ་སྡང་ གིས་སྙིང་རྩ་གདམ་པའི་གང་ཟག་སུ་འདྲ་ཞིག་ཡིན་ཡང།མི་ཚོགས་ཀྱི་དབུས་སུ་བདེན་ གཏམ་ཚིག་འགའ་ཡང་དབེན་ཞིང་བསླུ་བྲིད་དང་ཁེངས་གཏམ་གྱིས་སྣེ་ཤེན་དང་སྙིང་པོ་ མེད་པའི་འུར་རྒྱག་མཁན་ཚོར་ད་ཆ་ང་སུན་ཡོང་གི་འདུག