རྗེས་དྲན་མིག་ཆུ་དགུ་མཐོར་ཡང་ཡང་འདི་ཤོར་ཐལ།
སུམ་རྩེན་ལྷ་ཡུལ་འཕོས་འདྲའི་ཡུལ་ལྗོངས་ཀྱི་འདི་ནས།།
མགོན་ཁྱེད་ཐུཊབརྟན་མ་བཞུཊ་སངས་རྒྱས་སར་གཤེགས་སོང་།།
མ་དག་འཁོར་བར་འཁྱམ་པའི་གྲྭ་རྐྱང་ངའི་ཡིད་སེམས།།
ཁྱེད་ཉིད་དྲན་པའི་གདུང་བས་བཟོད་གླགས་རང་མི་འདུག།
དགྱེས་འཛུམ་ཟེར་མས་གཟིགས་ཤིག་སྙིང་ཁུང་གི་བླ་མ།།
ཡང་དག་ལམ་ལ་བལྟ་བའི་ཤེར་རབ་ཀྱི་མིག་དབེན།།
བྱེས་འཁྱམ་གྲྭ་རྐྱང་ལོང་བ་བདག་འདྲ་ཡི་མུ་བུས།།
ཁྱེད་སྐུ་རྟ་བདུན་འོད་ཟེར་བོར་བ་འདི་སྐྱོ་སོང་།།
བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་ཕུང་པོ་ཡི་སྙིང་དོན།།
ཁྱེད་གསུངས་དབྱངས་ཅན་མའི་གདང་དབྱངས་དང་མཚུང་པས།།
བརྩེ་བ་ལྷག་བསམ་དཀར་པོའི་དབྱངས་རྟ་དེ་དྲན་ཚེ།།
རྗེས་དྲན་མིག་ཆུ་མ་གཏོར་རང་དབང་དེ་མི་འདུག།
བསམས་ཀྱིན་བསམས་ཀྱིན་ཁྱེད་ཀྱི་གསང་གསུམ་གྱི་མཛད་འཕྲིན།།
བལྟས་བལྟས་རིག་རིག་བུ་ངའི་འདྲེན་བྱེད་ཀྱི་ངོགས་སུ།།
དེང་གི་གློག་བརྙན་ལྟ་བུའི་གསལ་ལེ་ངང་ཤར་བས།།
རྗེས་དྲན་མིག་ཆུ་དགུ་མཐོར་ཡང་ཡང་འདི་ཤོར་ཐལ།།
ངེས་དོན་གྱི་དཔའ་བོ་ཆེན་པོའམ་སྙིགས་དུས་ཀྱི་པན་ཊི་ཏ་དགའ་ལྡན་ཁྲི་ཐོག་བརྒྱ་པ་རྗེ་བཙུན་བློ་བཟང་ཉི་མའི་
གསང་གསུམ་རྗེས་སུ་དྲན་པའི་གདུང་དབྱངས་མིག་ཆུ་དགུ་འཐོར་མ་འདི་ནི་གང་གི་སློབ་བུའི་གྲལ་དུ་གཏོགས་པ་
ལི་ཐང་ངག་དབང་དབྱིག་གཉེན་ནམ་མིང་གཞན་ལི་སྨྱོན་མ་ཧྰ་ཀྰ་ལ་རུ་འབོད་པས་ལྡན་ས་ཆེན་པོ་དཔལ་ལྡན་
འབྲས་དཀར་སྤུངས་པའི་ཡ་གྱལ་མཁས་མང་བློ་གསལ་བྱེའི་གླིང་གྲྭ་ཚང་གི་ཉེ་འདབས་ནས་ཤར་མར་སྤེལ་ལོ།།