བོད་དུ་གློ་བའི་གཉན་ཚད་ཀྱིས་མི་གཅིག་གྲོངས་པ།

ཀོང་པོ་ཉིང་ཁྲི་ཁུལ་ལ་ཐོག་གྲོང་ཚོ་ཞེས་པར་མི་ལྔ་ལ་གློ་བའི་གཉན་ཚད་ཀྱི་ནད་གཞི་ཕོག་རྗེས། མི་གཅིག་འདས་གྲོངས་སུ་ཕྱིན་པ་དང། གཞན་མི་བཞིའི་ནང་ནས་གཅིག་ལ་ནད་གཞི་ཚབས་ཆེན་པོ་ཆགས་ཡོད་པ་དང་། གཞན་གསུམ་པོ་དེ་ཙམ་ཚབས་ཆེན་པོ་མིན་པའི་སྐོར་རྒྱ་ནག་པེ་ཅིང་དུ་ཡོད་པའི་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་འགྲེལ་བརྗོད་བྱས་འདུག དེ་བཞིན་ནད་པ་མི་བཞི་པོ་རྣམས་མི་གྲོངས་མཁན་དེ་དང་འབྲེལ་བ་ཡོད་སྐོར་བརྗོད་ཡོད་འདུག

ནད་གཞི་ཡོངས་ཁུངས་བརྩད་གཅོད་བྱས་ཀྱང་ཁུལ་དེར་ཡོད་པའི་ཤིང་སྣ་ཁག་ཅིག་ལ་འབྲེལ་བ་ཡོད་ཚུལ་བརྗོད་པ་ཙམ་ལས། ཡོངས་ཁུངས་ཁ་གསལ་བརྗོད་ཐུབ་མེད་པ་རེད། འོན་ཀྱང་ཆེད་ལས་པ་མངགས་གཏོང་གིས་ད་དུང་རྩད་ཞིབ་བྱེད་བཞིན་པ་ཡིན་འདུག ཕྱི་ཟླ་༩ ཚེས་༡༩ རྗེས་སུ་ས་ཁུལ་དེར་བསྐྱོད་མྱོང་མཁན་མི་རྣམས་ལ་མགོ་ན་བ་དང་ཚ་བ་རྒྱས་པ་སོགས་ཀྱི་ནད་རྟགས་བྱུང་ཚེ་འཕྲལ་དུ་བརྟག་དཔྱད་དགོས་ཚུལ་བརྗོད་འདུག ནད་གཞི་ཕོག་མཁན་རྣམས་དང་། མི་གྲོངས་མཁན་གྱི་མིང་ལ་སོགས་པ་ད་ལྟ་བར་ཁ་གསལ་ཕྱིར་བསྒྲགས་བྱས་མེད་པ་རེད།།

{jcomments on}