དངོས་གཞི་ལས་སྔོན་འགྲོའི་འོས་འཕེན་དགོས་པ་གལ་ཆེ།
གལ་སྲིད་དེ་མེད་ན་འཇོན་ཐང་དང་ནུས་པ་ཤེས་ཡོན་ག་ཚོད་ཡོད་པའི་མི་ཞིག་ཡིན་ཡང་དངོས་གཞིའི་སྐབས་སླེབས་ཐུབ་ཐབས་གཏན་ནས་མེད་པས། སྔོན་འགྲོའི་སྐབས་གོ་སྐབས་ལེན་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། སྔོན་འགྲོའི་སྐབས་སུ་སླེབས་ཡོད་ན་མི་དེའི་འཇོན་ཐང་དང་ཤེས་ཡོན་དྲང་ཚུགས་བཅས་ཕྱོགས་གང་ཐད་ནས་དྲིལ་བསྒྲགས་ཡག་པོ་ཞིག་བྱུང་ན་དངོས་གཞིའི་སྐབས་སུ་སླེབས་སྲིད་པ་རེད། དེར་བརྟེན་རྒྱབ་སྐྱོར་བྱེད་མཁན་ཚོས་སྔོན་འགྲོའི་སྐབས་གོ་སྐབས་མ་བླངས་ན། རྗེས་མ་རང་ཉིད་ཀྱིས་འདོད་མོས་ཡོད་པའི་མི་དེ་དངོས་གཞིའི་འོས་གཞིའི་ནང་དུ་མ་ཚུད་པ་བྱུང་ན་ཧ་ཅང་ཕངས་པོ་རེད། དེར་བརྟེན་སྔོན་འགྲོ་དང་དངོས་གཞི་གཉིས་ཀའི་ནང་ནས་སྔོན་འགྲོ་གལ་ཆེ་ཤོས་སུ་གྱུར་ཡོད་པ་དང་། དངོས་གཞི་ཡང་གལ་ཆེན་པོ་རེད། སྔོན་འགྲོའི་སྐབས་སླེབས་ཡོད་ཀྱང་དངོས་གཞིའི་ནང་མ་སླེབས་ན་ཕན་ཐོགས་མེད་ཀྱང། དངོས་གཞིར་སླེབས་པ་ལ་སྔོན་འགྲོ་དེ་གལ་ཆེན་པོ་ཡིན་པས་ངེས་པར་དུ་གོ་སྐབས་མ་ཤོར་བ་བྱེད་དགོས།།
