ཆིག་སྒྲིལ་ཐོག་ཞིབ་པའི་བཀའ་ཁྲི།

 

དོན་དངོས་གལ་འགངས་ཆེ་བའི་བཀའ་ཁྲི་ལ།།

མི་རབས་གསར་རྙིང་འགྲན་པའི་སྐབས་མཐོང་ན།།

ཤེས་མཇོན་ནུས་གསུམ་མཛངས་མིན་མ་གཟིགས་པར།།

དགོས་མེད་ཕྱོགས་ལྷུང་ནམ་ཡང་གནང་མི་རིགས།།

ལོ་རྒྱུས་རྙིང་པ་བསྐྱར་སློང་བྱེད་དགོས་ན།།

བཀའ་ཁྲི་རྙིང་པ་ཞིག་ལ་རེ་བ་བཅངས།།

འཁོན་འཛིན་རྙིང་པ་ཞིག་གི་ལྟད་མོའི་འོག།

ཅིག་སྒྲིལ་ནུས་པ་ནམ་ཡང་མཐོང་མི་སྲིད།།