རྟའུ་བློ་བཟང་དཔལ་ལྡན་བཀའ་ཁྲིའི་འོས་མི་ནས་ཕྱིར་འཐེན།
ཟླ་བ་སྔོན་མའི་མཇུག་ཏུ་སྨན་པ་རྟའུ་བློ་བཟང་དཔལ་ལྡན་ལགས་ཀྱིས། ཁོང་བཀའ་ཁྲིའི་འོས་མིའི་ཁོངས་ནས་ཕྱིར་འཐེན་གནང་རྒྱུ་ཡིན་སྐོར། གོང་གི་དྲ་རྒྱ་དེའི་ནང་ཁྱབ་བསྒྲགས་བྱས་ཡོད་པ་རེད། དེ་ཡང་དྲ་རྒྱ་དེའི་ནང་། རྟའུ་སྨན་པ་བློ་བཟང་དཔལ་ལྡན་ལགས་ཀྱིས་བཀའ་ཁྲིའི་འོས་མིའི་ཁོངས་ནས། ཁོང་གི་མཚན་ཕྱིར་འཐེན་བྱེད་རྒྱུའི་རེ་སྐུལ་གནང་བ་དང་། དེ་ཡང་༢༠༡༡ བཀའ་ཁྲིའི་འོས་མིའི་ཁོངས་ནས་ཁོང་ཉིད་ཀྱིས་ཕྱིར་འཐེན་བྱས་པ་ཞིག་ཡིན་པས། དེ་དོན་རྒྱབ་སྐྱོར་བ་སོགས་ཀྱི་ཡིད་འཇགས་ཡོང་བར་ཞུ་ཞེས་བཀོད་ཡོད་པ་རེད།།{jcomments on}