འོས་ཤོག་རྩིས་མེད་འགྲོ་སྟངས་ཀྱི་གནད་འགགས་འགའ་ངོ་སྤྲོད།
འོས་ཤོག་རྩིས་མེད་འགྲོ་བའི་ཉེན་ཁ་རེ་ཟུང་ཞིག་ཡོད་པ་གཤམ་དུ་ཞུ་རྒྱུ་ཡིན།
༡༽ འོས་ཤོག་ངོས་སུ་འོས་འཕེན་པ་སུ་ཡིན་ངོས་འཛིན་ཐུབ་པའི་རྟགས་སམ། མིའི་མིང་འཁོད་པ། (འོས་ཤོག་གི་ངོས་སུ་འོས་བླུག་མཁན་རང་ཉིད་ཀྱི་མིང་འབྲི་བའམ། ཡང་ན་ས་ཡིག་སོགས་རྟགས་གཞན་བརྒྱབ་ན་འོས་ཤོག་དེ་རྩིས་མེད་དུ་འགྲོ།)
༢༽ རང་མོས་འོས་འདེམས་སུར་བྱེད་མི་མིང་དང་རྟགས་གང་ཡང་མི་གསལ་བ། (རང་ཉིད་ཀྱིས་སུ་ལ་འོས་བླུག་ཀྱང་དེའི་མིང་དང་ཕ་ཡུལ་སྡོད་གནས་ལས་གནས་སོགས་མདོར་ན་མི་དེ་ངོ་སྤྲོད་གསལ་པོ་བྱེད་མ་ཐུབ་ན་འོས་ཤོག་རྩིས་མེད་དུ་འགྲོ།)
༣༽ ཐོབ་ཁུངས་སོ་སོའི་ཐོབ་ཆའི་སྤྱི་འཐུས་ཀྱི་གྲངས་ཚད་ལས་བརྒལ་བའི་མི་མིང་དང་འོས་རྟགས་བརྒྱབ་པ། (དཔེར་ན་ཆོལ་ཁ་རེ་ནས་སྤྱི་འཐུས་བཅུ་རེ་འདེམས་དགོས་པ་དང་། ཆོས་བརྒྱུད་རེ་ནས་སྤྱི་འཐུས་གཉིས་རེ་འདེམས་དགོས་པར་དེ་ལས་མང་བའི་མིའི་མིང་བྲིས་ན་འོས་ཤོག་རྩིས་མེད་དུ་འགྲོ།)
༤༽ ཆོལ་ཁའི་སྤྱི་འཐུས་འོས་འདེམས་བྱེད་པའི་སྐབས་མི་བརྒྱད་ཡན་གྱི་མིང་འབྲི་བའི་སྐབས་ངེས་པར་དུ་བུད་མེད་གཉིས་དགོས་པ་དང་། དེ་ལྟར་མ་བླུག་པར་བཅུ་ཀ་སྐྱེས་པ་ཡིན་པའམ། ཡང་ན་དགུ་སྐྱེས་པ་ཡིན་ན་འོས་ཤོག་དེ་རྩིས་མེད་དུ་འགྲོ།
བརྒྱད་ལས་ཉུང་བ་བླུག་ན་སྐྱེས་པ་རྐྱང་པ་བླུག་ཀྱང་ཆོག་ལ། བཅུ་ཀ་བུད་མེད་བླུག་ཀྱང་འགྲིག་པ་རེད། འདི་དག་གི་ཐོག་ལ་བསམ་བློ་ཞིབ་མོ་གཏོང་དགོས་པ་ལས། གང་དྲན་དྲན་བྱས་ན་རང་ཉིད་ཀྱི་རྩ་ཆེ་བའི་འོས་ཤོག་དེ་རྩིས་མེད་དུ་འགྲོ་སྲིད་པས་གཟབ་གཟབ་གནང་རོགས།
